མཚོ་བྱང་གསེར་དངུལ་ཐང་གི་རྒྱལ་ཡོངས་སྒར་འདེབས་འདུ་ཚོགས་འགོ་ཚུགས་པ།

མཚོ་བྱང་ཁུལ་གསེར་དངུལ་ཐང་།
  ཟླ8པའི་ཚེས17ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི2013ལོའི་གསེར་དངུལ་ཐང་གི་རྒྱལ་ཡོངས་སྒར་འདེབས་འདུ་ཚོགས་འགོ་ཚུགས་ཤིང་། རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་ཕྱི་སྤེལ་ལུས་རྩལ་པ700ལ་ཉེ་བ་ལྷན་ཅིག་ཏུ་འཛོམས་ནས་རང་བྱུང་ཁམས་ཀྱི་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ་བ་རེད། 
  མཚོ་བྱང་ཁུལ་གྱིས་ཐེངས་འདིའི་འདུ་ཚོགས་ཆེན་མོ་དེ་སྟེགས་བུར་བྱས་ཐོག  ཡུལ་དེ་གའི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས། ཁྱད་དུ་འཕགས་པའི་གསེར་དངུལ་ཐང་དུ་སྐྱེ་ཁམས་གནས་སྐོར་ལ་རོལ་མྱོང་དང་། མཚོ་བྱང་ཁུལ་གྱི་གནས་སྐོར་ཐོན་ལས་ཀྱི་སྐྱེ་སྟོབས་གསར་བ་སྔོག་འདོན་བྱེད་པ་ཡིན་ཞིང་། དེར་མ་ཟད་མཚོ་སྔོན་ཞིང་ཆེན་གྱིས་མཚོ་བྱང་ཁུལ་དེ་རྒྱལ་ཡོངས་ཀྱི་ཕྱི་སྤེལ་ལུས་རྩལ་རྟེན་གཞི་རུ་བསྐྲུན་རྒྱུ་རེད།
- 
							暂无相关信息roking						
 
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com





										
										
										
										
                                        
                                        
                                        
                                        
                                        
										
青公网安备63252102000006号