ཟི་ལིང་རྒྱལ་སྤྱིའི་བྲོ་གར་དུས་ཆེན་དུ་བོད་ཀྱི་བྲོ་གར་འཚོལ་བསྡུ་གསར་རྩོམ་གྱི་བགྲོ་ཚོགས་བསྡུས།
ཟླ8པའི་ཚེས18ཉིན་གྱི་སྔ་དྲོ། ཀྲུང་གོའི་བྲོ་གར་མཐུན་ཚོགས་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་སྔོན་ཞིང་ཆེན་བྲོ་གར་མཐུན་ཚོགས། ཟི་ལིང་གྲོང་ཁྱེར་བཅས་མཉམ་འབྲེལ་སྒོས་གཙོ་སྒྲུབ་གནང་བའི་ཟི་ལིང་རྒྱལ་སྤྱིའི་བྲོ་གར་དུས་ཆེན་དུ་བོད་ཀྱི་བྲོ་གར་འཚོལ་བསྡུ་གསར་རྩོམ་མཚོ་སྔོན་གྱི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་དེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་བསྡུས་ཤིང་། འབྲེལ་ཡོད་འགོ་ཁྲིད་དང་ཞིང་ཆེན་ཕྱི་ནང་གི་བྲོ་གར་ཆེད་མཁས་པ། ཤེས་ཡོན་པ་སོགས་མི40ལྷག་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས་ཏེ་བོད་ཀྱི་བྲོ་གར་ཞེས་པའི་གཟུགས་འདས་རིག་གནས་སྒྱུ་རྩལ་གྱི་ཞིབ་འཇུག་དང་སྔོག་འདོན། རྒྱུན་འཛིན་དང་འཕེལ་རྒྱས་བཅས་ཀྱི་ཐད་ནས་བགྲོ་གླེང་གནང་བ་རེད།
བོད་ཀྱི་བྲོ་གར་སྒྱུ་རྩལ་ནི་མཚོ་སྔོན་རིག་གནས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེ་ཤོས་ཤིག་ཡིན་ཞིང་། བོད་ཀྱི་བྲོ་གར་འཚོལ་བསྡུ་གསར་རྩོམ་གྱི་བགྲོ་གླེང་ཚོགས་འདུ་ནི་ཐེངས་འདིའི་བྲོ་གར་དུས་ཆེན་གྱི་གྲུབ་ཆ་གལ་ཆེན་དུ་རྩིས་ལ། འདིས་བོད་ཀྱི་བྲོ་གར་གྱི་གཞུང་ལུགས་ཞིབ་འཇུག་དང་གསར་རྩོམ་འཁྲབ་སྟོན་ཐད་འབྲེལ་འདྲིས་ཀྱི་སྟེགས་བུ་གསར་བ་ཞིག་བསྐྲུན་པ་དང་ཆབས་ཅིག མཚོ་སྔོན་ཞིང་ཆེན་གྱི་མི་རིགས་ཕུལ་བྱུང་དམངས་ཁྲོད་བྲོ་གར་དར་ཁྱབ་དང་། མི་རིགས་བྲོ་གར་གྱི་ཁྱད་འཕགས་ཐོན་ཁུངས་འདོན་སྤེལ་བྱེད་པའི་ཐད་ལ་ཡར་ཐོན་གྱི་ནུས་པ་ཆེན་པོ་ལྡན།
ཚོགས་ཐོག་ཏུ། མཚོ་སྔོན་ཞིང་ཆེན་བྲོ་གར་མཐུན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་རིགས་བྲོ་གར་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་གནང་ཞིང་། ཞིང་ཆེན་ཕྱི་ནང་གི་ཆེད་མཁས་པ་དང་ཤེས་ཡོན་པས་རང་སྟེང་གི་གསར་རྩོམ་བརྒྱུད་རིམ་གྱི་ལག་ལེན་ཉམས་མྱོང་དང་སྦྱར་ཏེ་བོད་རིགས་བྲོ་གར་གསར་རྩོམ་གྱི་ད་ཡོད་གནས་སྟངས་དང་། གསར་རྩོམ་འཁྲབ་སྟོན། མ་འོངས་འཕེལ་རྒྱས་སོགས་ཀྱི་ཐད་ནས་སོ་སོའི་མྱོང་ཚོར་བརྗོད་ཅིང་། བོད་རིགས་བྲོ་གར་གྱི་ད་ཡོད་འཕེལ་རྒྱས་གླེང་དུས། ཁོ་ཚོས་གཅིག་མཐུན་གྱིས་འདོད་དོན། བོད་ཀྱི་རིག་གནས་ཕུན་སུམ་ཚོགས་པ་མ་ཟད། ཕུལ་བྱུང་དམངས་ཁྲོད་གླུ་གར་ཐོན་ཁུངས་ནི་སྔོག་འདོན་བྱེད་དགོས་པ་དང་། བོད་རིགས་བྲོ་གར་གྱི་འཕེལ་རྒྱས་ནི་བོད་རིགས་རང་ཉིད་ཀྱི་བྲོ་གར་ཤེས་ལྡན་མི་སྣ་ལ་བརྟེན་དགོས་ཏེ། རང་མི་རིགས་ཀྱི་རིག་གནས་ཟབ་ཚད་ལེགས་པོར་ངེས་འཛིན་བྱེད་པ་དང་མཚུངས་སུ། བོད་རིགས་བྲོ་གར་སྒྱུ་རྩལ་བྱ་སྒྲུབ་པར་སྐུལ་ཏེ་མང་ཚོགས་དང་གཞི་རིམ་དུ་བསྐྱོད་ནས་མང་ཚོགས་ཀྱི་འཚོ་བ་བརྗོད་པ་དང་། དངོས་ཡོད་འཚོ་བ་བརྗོད་གཞིའི་བྲོ་གར་གསར་རྩོམ་དང་སྒྲིག་འཁྲབ་བྱ་རྒྱུ་དང་། རྣམ་པ་མང་པོའི་གསར་རྩོམ་གྱི་ཐབས་ལམ་བརྒྱུད་བོད་རིགས་བྲོ་གར་སྔར་ལས་ཕུན་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་དགོས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com