ཐོན་མགོ་ལོག་ཁུལ་ཨུས2013ལོའི་བྱམས་བརྩེའི་སློབ་རོགས་སྤྱི་ཕན་དགོང་ཚོགས་སྤེལ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-19 16:03:00 ཀློག་གྲངས།:

མགོ་ལོག་ཁུལ་ཨུའི2013ལོའི་བྱམས་བརྩེའི་སློབ་རོགས་སྤྱི་ཕན་དགོང་ཚོགས་སྤེལ། 

       ཉེ་ལམ། ཐོན་མགོ་ལོག་ཁུལ་ཨུས་གཙོ་སྒྲུབ་གནང་བའི2013ལོའི་དབུལ་ཕོངས་སློབ་མར་སློབ་ཆེན་རྨི་ལམ་མངོན་འགྱུར་གྱི་བྱམས་བརྩེའི་སློབ་རོགས་སྤྱི་ཕན་དགོང་ཚོགས་རྟ་བོ་གེ་སར་ཟློས་གར་ཁང་དུ་བསྡུས་པ་རེད།

        རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱམས་བརྩེའི་སློབ་རོགས་སྤྱི་ཕན་བྱ་འགུལ་དུ་སྡོམ་པས་སློབ་རོགས་མ་དངུལ་སྒོར་ཁྲི36བསྡུས་ཏེ་སློབ་རོགས་བྱ་ཡུལ་འཐུས་ཚབ་སློབ་མ20ལ་མི་རེར་སྒོར3000གི་བྱམས་བརྩེའི་སློབ་རོགས་མ་དངུལ་གནང་།
        དེར་མ་ཟད། ཐེངས་འདིའི་བྱ་འགུལ་དུ་བོད་ཀྱི་མིང་གྲགས་གླུ་བ་གླུ་མ་སྐོར་ཞིག་གདན་འདྲེན་ཞུས་ཡོད་དེ། བཀྲ་ཤིས་ཉི་མ་དང་། དབྱངས་ཅན་ལྷ་མཛེས། མཐོ་སྒང་བུ་མོའི་ཚན་སྡེབ། བསོད་ནམས་བཀྲ་ཤིས། ཆོས་རྒྱལ། མདོ་བ་ཚེ་སྐྱིད།  རིག་འཛིན་སྒྲོལ་མ། འབྲོག་སྒྲོལ་མ་སོགས་ཀྱིས་གླུ་གཞས་འཁྲབ་སྟོན་བྱས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།