བོད་རིགས་སྣུམ་རིས་སྒྱུ་རྩལ་པ་ངག་དབང་གྲགས་པའི་མི་སྒེར་སྣུམ་རིས་འགྲེམ་སྟོན་སྤེལ་བ།
ངག་དབང་གྲགས་པ་དང་ཁོའི་བརྩམས་ཆོས《ལྷ་བྱ》།(པར་རིས་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)
ཟླ8པའི་ཚེས20ཉིན། བོད་རིགས་སྣུམ་རིས་སྒྱུ་རྩལ་པ་ངག་དབང་གྲགས་པའི་མི་སྒེར་སྣུམ་རིས་འགྲེམ་སྟོན་སྤེལ་མགོ་བརྩམས་པ་རེད།
ཁོ་ནི་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་ནས་མཐར་ཕྱིན་པ་དང་། དེ་སྔར་ཁོའི་སྣུམ་རིས་བརྩམས་ཆོས《བརྗོད་བྱང་མེད་པ》ཞེས་པར་བོད་ལྗོངས་དེང་རབས་སྣུམ་རིས་འགྲེམ་སྟོན་གྱི་བྱ་དགའ་ཨང་དང་པོ་ཐོབ་མྱོང་ཞིང་། དེ་མིན་ཡང《ཧོར་ཟླ་གསུམ་པའི་བསིལ་རླུང》(ད་ལྟ་ཊོ་རུན་ཊོ་མཛེས་རྩལ་ཁང་དུ་ཉར་ཡོད)ཞེས་པ་དང《ཟླ་བ་དཀར་པོ་དང་དར་ལྕོག་དམར་པོ》སོགས་བརྩམས་ཆོས་བསྟུད་མར་ལེགས་འགྲུབ་བྱུང་སྟེ་ལས་རིགས་སོ་སོའི་མི་རྣམས་ཀྱི་དགའ་བསུ་མི་དམན་པ་ཐོབ།
ཁམས་པའི་ཕོ་རྒོད།(པར་རིས་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)
ཐེངས་འདི་ནི་ལོ་ངོ40རིང་སྣུམ་རིས་སྒྱུ་རྩལ་ལ་བརྩོན་པ་བསྐྱེད་པའི་ངག་དབང་གྲགས་པའི་མི་སྒེར་སྣུམ་རིས་འགྲེམ་སྟོན་ཐོག་མ་ཡིན་ལ། ཁོས་བཤད་རྒྱུར། སྔོན་ཆད་རང་ཉིད་དེ་འདྲའི་ཤེས་རྟོགས་ཆེན་པོ་མེད་པས། གང་འདོད་དུ་འགྲེམ་སྟོན་བྱེད་སྒོ་སྤེལ་ན་མི་རྣམས་ལ་ཇི་ལྟར་འགྲེལ་བརྗོད་བྱེད་དགོས་པའང་ཤེས་ཀྱི་མི་འདུག ད་ནི་ལོ40ལྷག་འདས་ཟིན་ཞིང་། སྐབས་འདིར་འགྲེམ་སྟོན་བྱས་ཚེ་སྤྱི་བསྡོམས་ཐེངས་ཤིག་ཡིན་པ་མ་ཟད་ལོ་འདི་འགའི་རིང་གི་ངལ་རྩལ་འབྲས་བུ་མི་རྣམས་ཀྱི་སྤྱན་སྔར་བསྟར་བ་དང་། རང་ཉིད་ཀྱི་མ་འོངས་པར་ཡང་གནས་ཐིག་ཅིག་གཏན་འཁེལ་བྱེད་པ་ཡིན།
ངག་དབང་གྲགས་པའི་བརྩམས་ཆོས། (པར་རིས་ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)
ཐེངས་འདིའི་འགྲེམ་སྟོན་དུ། ངག་དབང་གྲགས་པས་བརྩམས་ཆོས91འགྲེམ་སྟོན་བྱས་ཤིང་། དེའི་ཁྲོད་སློབ་མའི་སྐབས་ཀྱི་བརྩམས་ཆོས་ཀྱང་མི་ཉུང་བ་འདུས། རྒྱུས་ལོན་བྱུང་བ་ལྟར་ན། འགྲེམ་སྟོན་འདི་ནི་དུས་ཡུན་ཉིན10ལ་སྤེལ་རྒྱུ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com