མང་རྫོང་གིས་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ཐད་ཤུགས་སྣོན་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-20 11:47:00 ཀློག་གྲངས།:
        དེ་ཡང་མི་རིགས་ཀྱི་སྐད་དང་ཡི་གེ་ཚད་ལྡན་བཀོལ་སྤྱོད་བྱེད་པར། ཉེ་ལམ། མང་རྫོང་གིས་ཡིག་སྒྱུར་ལ་ཤུགས་བསྣན་ཏེ་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ལེགས་བཅོས་བྱེད་ཅིང་། ནན་ཏན་སྒོས《མང་རའི་སྲིད་དོན》སྒྲིག་བསྒྱུར་དང་། གནའ་དཔེ་ལེགས་སྒྲིག་སོགས་བྱས་ཏེ་བོད་སྐད་ཡིག་བྱ་བར་སྔར་ལས་འཕེལ་རྒྱས་སུ་ཕྱིན།
གཅིག་ནས་ཡིག་སྒྱུར་བྱ་བར་ཤུགས་བསྣན་ཏེ་བོད་ཡིག་སྤྱོད་སྒོ་ཆེ་རུ་བསྐྱེད་པ།
        གཙོ་ཆེར་གྲོས་ཚོགས་ཀྱི་ཡིག་ཆ་སོགས་ཡིག་སྒྱུར་བྱེད་པ་མ་ཟད། སྒོ་བྱང་དང་ལས་སྒོའི་སྲིད་ཇུས། ཞབས་ཞུའི་ཕྱོགས་སྟོན། གྲོས་ཚོགས་ཀྱི་སྒྲོག་བྱང་། དེ་མིན་གྲོས་ཚོགས་ཀྱི་འཕྲེད་འགེལ་ཡིག་བྱང་སོགས་ཡིག་བཀོལ་བྱ་བར་བཤེར་འབེབ་ བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱིས་དུས་ཐོག་ཏང་དང་སྲིད་གཞུང་གི་འབྲེལ་ཡོད་སྲིད་ཇུས་རྒྱུས་ལོན་བྱེད་པར་སྟབས་བདེ་བསྐྲུན། ད་ལྟའི་བར་བསྡོམས་པས་ཡིག་ཆ་སྣ་ཚོགས་དང་དྲིལ་སྒྲོག་རྒྱུ་ཆ་སོགས་ཡིག་སྒྱུར་ ཡིག་འབྲུ་ཁྲི20ལྷག་འདུས།
གཉིས་ནས་ཁྲོམ་རའི་ཡིག་བཀོལ་ལེགས་བཅོས་བྱས་ཏེ་བོད་རྒྱ་སྐད་གཉིས་ཡིག་བཀོལ་ཚད་ལྡན་དུ་བཏང་བ།
        མང་རྫོང་ཡོངས་ཀྱི་གཞུང་ལམ་འགྲམ་རྒྱུད་དང་། རྫོང་མཁར་གྱི་སྲང་ལམ། ཡུལ་ཚོ་དང་གྲོང་རྡལ་སོགས་སུ་བསྐྱོད་དེ་དུས་ཡུན་ཉིན6ལ་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ལེགས་བཅོས་བྱ་འགུལ་སྤེལ་ཞིང་། དུས་སྐབས་དེའི་ནང་། སྒོ་བྱང་དང་། ལམ་བྱང་། དྲིལ་སྒྲོག་ཡིག་བྱང་སོགས1176ལྷག་ལྟ་ཞིབ་བྱས་ཏེ། ནོར་བསྒྱུར་བྱུང་བའི་ཡིག་བྱང210དང་། ཡིག་བཀོད་ཚད་ལྡན་མིན་པ136། ཡིག་བྱང206བརྗེ་ཟིན་ལ། ཡིག་བྱང79བསྒྱུར་བཅོས་སོགས་བྱས་ཏེ་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་སྔར་ལས་ཚད་ལྡན་ཅན་དུ་བཏང་།
གསུམ་ནས་ནན་ཏན་གྱིས《མང་རའི་སྲིད་དོན》སྒྲིག་སྒྱུར་བྱས་ཏེ་གང་ནུས་སྒོས་གཞི་རིམ་མང་ཚོགས་ལ་ཞབས་ཞུ་བསྒྲུབས་པ།
        ད་སྔ་བོད་རྒྱ་སྐད་གཉིས་ཀྱི《མང་རའི་སྲིད་དོན》འདོན་ཐེངས་དང་པོ་སྒྲིག་སྒྱུར་ བྱས་ཚར་ཞིང་། དེབ800ལྷག་ཡུལ་ཚོ་དང་གྲོང་རྡལ། སྡེ་མིའི་ཨུ་ཡོན་ལྷན་ཁང་། དགོན་པ་སོགས་སུ་བཀྲམ་པ་དང་། ཡིག་སྒྱུར་ནང་དོན་ལ། ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་གྱི་ཡིག་ཆ་ཨང1དང་། 2013ལོའི་སྲིད་གཞུང་གི་བྱ་བའི་སྙན་ཞུ། དམངས་ལ་དོན་དངོས་སྒྲུབ་པའི་འཆར་གཞི30། སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་པའི་བྱ་སྤྱོད18ངོས་ཟིན་དང་སྔོན་འགོག   མང་རྫོང་གི་སྲིད་འཛིན་སྡེ་བ76གི་ཚད་ལྡན་ས་མིང་སོགས་ཡིན།
བཞི་ནས་གནའ་དཔེ་ལེགས་སྒྲིག་བྱས་ཏེ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱས།
        དུས་རྒྱུན་གཞི་རིམ་དང་དགོན་པ། རོང་འབྲོག་ཁུལ་དུ་བསྐྱོད་དེ་ས་གནས་ཀྱི་གནའ་དཔེ་དཔྱད་ཡིག་ཐད་ཀྱི་མ་རྒྱུ་འཚོལ་ཞིབ་བྱས། མིག་སྔར། 《དགེ་བཤེས་བྱམས་པ་འཕྲིན་ལས་ཀྱི་གསུང་འབུམ》དང་མང་རྫོང་དམངས་སྲོལ་རིག་གནས་ཕྱོགས་བསྒྲིགས་ཀྱི་དེབ་གཉིས་པ《དམངས་ཁྲོད་གཏམ་དཔེ》ལེགས་སྒྲིག་དང་ཡིག་གཏག་བྱ་བ་སྤེལ་བཞིན་ཡོད་ཅིང་། ད་ལོའི་ལོ་མཇུག་བར་གང་ནུས་ཀྱིས་བརྩམས་ཆོས་འདི་གཉིས་ཀྱི་ཡིག་གཏག་དང་ཞིབ་བཤེར་བྱ་བ་ལེགས་འགྲུབ་བྱེད་པར་འབད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།