མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལོ་འཁོར60ཡི་ཁུལ་སྟོན་གྱི་བྱ་འགུལ་བཀོད་སྒྲིག

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-22 11:25:00 ཀློག་གྲངས།:


        ཟླ8པའི་ཚེས23ཉིན་ནས་ཚེས26བར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་ཚོགས་ཆེན་དང་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་གཟེངས་བསྟོད་ཚོགས་ཆེན་ཆབ་ཆ་གྲོང་རྡལ་དུ་སྤེལ་རྒྱུ་ཡིན་ཞིང་། མཚོ་ལྷོ་ཁུལ་གྱི་བོད་རིགས་གྱོན་ཆས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་བྱ་འགུལ་རབས་དང་རིམ་པ་གཤམ་གསལ་ལྟར།
དུས་ཚོད། ཟླ8པའི་ཚེས23ཉིན།(8:30-10:30)
ས་གནས། ཁུལ་ལུས་རྩལ་ར་བ།
བྱ་འགུལ་གྱི་ནང་དོན། ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་ཚོགས་ཆེན་གྱི་སྙན་ཞུ་འཁྲབ་སྟོན།
གཟིགས་མོ་བ། གུང་ཧོ་རྫོང་ཨུ་དང་། རྫོང་དམངས་འཐུས་ཚོགས་ཆེན། རྫོང་སྲིད་གཞུང་། དེ་མིན་ཡུལ་ཚོ་དང་གྲོང་རྡལ། སྡོད་ཁུལ་སོ་སོའི་ནང་འཛུལ་འཛིན་བྱང་ཡོད་པའི་གཟིགས་མོ་བ་དག་ཡིན་ལ། མི་གྲངས8000མན་དུ་ཚད་བཀག
དུས་ཚོད། ཟླ8པའི་ཚེས23ཉིན།(19:30-21:00)
ས་གནས། ཤམ་བྷ་ལའི་ཐང་ཆེན།
བྱ་འགུལ་གྱི་ནང་དོན། བོད་རིགས་གྱོན་ཆས་རིག་གནས་ཡུལ་སྐོར་དུས་ཆེན《སྲིད་པའི་མཆོར་ཉམས》ཞེས་པའི་གྱོན་ཆས་དགོང་ཚོགས་སྔོན་སྦྱོང་འཁྲབ་སྟོན།
གཟིགས་མོ་བ། ཁུལ་རིམ་པའི་འགོ་ཁྲིད་ཡོངས་དང་། ཁུལ་སྟོན་འགོ་ཁྲིད་ཚན་ཆུང་གི་འཐུས་མིའི་སྡེ་ཁག  ཁུལ་གཏོགས་ལས་ཁུངས་དང་གུང་ཧོ་རྫོང་གི་ལས་སྒྲུབ་པ། མང་ཚོགས་ཀྱི་འཐུས་ཚབ་པ་སོགས་ནང་འཛུལ་འཛིན་བྱང་ཡོད་པའི་གཟིགས་མོ་བ་དག་ཡིན་ལ། མི་གྲངས5000མན་དུ་ཚད་བཀག
དུས་ཚོད། ཟླ8པའི་ཚེས24ཉིན།(8:30-12:00)
ས་གནས། ཁུལ་ལུས་རྩལ་ར་བ།
བྱ་འགུལ་གྱི་ནང་དོན། ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་ཚོགས་ཆེན་དང་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་གཟེངས་བསྟོད་ཚོགས་ཆེན་གྱི་སྔོན་སྦྱོང་འཁྲབ་སྟོན།
གཟིགས་མོ་བ། ཁུལ་ཨུ་དང་། ཁུལ་དམངས་འཐུས་ཚོགས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། དེ་མིན་ཁུལ་རིམ་པའི་ལས་ཁུངས་ཀྱི་ནང་འཛུལ་འཛིན་བྱང་ཡོད་པའི་གཟིགས་མོ་བ་དག་ཡིན་ལ། མི་གྲངས8000མན་དུ་ཚད་བཀག
དུས་ཚོད། ཟླ8པའི་ཚེས24ཉིན།(19:00-21:30)
ས་གནས། ཤམ་བྷ་ལའི་ཐང་ཆེན།
བྱ་འགུལ་གྱི་ནང་དོན། མཚོ་ལྷོ་ཁུལ་གྱི་བོད་རིགས་གྱོན་ཆས་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་མགོ་རྩོམ་མཛད་སྒོའི《སྲིད་པའི་མཆོར་ཉམས》ཞེས་པའི་གྱོན་ཆས་དགོང་ཚོགས།
གཟིགས་མོ་བ། ཀྲུང་དབྱང་སྨོན་ཞུས་རུ་ཁག  ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་པ་དང་སྐུ་མགྲོན་ཡོངས། ཁུལ་དང་རྫོང་གི་འགོ་ཁྲིད་ཚན་ཆུང་བཞིའི་འགོ་ཁྲིད། ཁུལ་གཏོགས་ལས་ཁུངས་དང་ལས་སྒྲུབ་མང་ཚོགས་ཀྱི་འཐུས་ཚབ་པ(རུ་སྒྲིག)། མི་གྲངས5000མན་དུ་ཚད་བཀག
དུས་ཚོད། ཟླ8པའི་ཚེས25ཉིན།(7:30-12:00)
ས་གནས། ཁུལ་ལུས་རྩལ་ར་བ།
བྱ་འགུལ་གྱི་ནང་དོན། ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་རྟེན་འབྲེལ་ཚོགས་ཆེན་དང་མི་རིགས་མཐུན་སྒྲིལ་འཕེལ་རྒྱས་གཟེངས་བསྟོད་ཚོགས་ཆེན།
གཟིགས་མོ་བ། ཀྲུང་དབྱང་སྨོན་ཞུས་རུ་ཁག  ཞིང་ཆེན་ཏང་སྲིད་དམག་གི་འཐུས་ཚབ་པ་དང་སྐུ་མགྲོན་ཡོངས། ཁུལ་དང་རྫོང་གི་འགོ་ཁྲིད་ཚན་ཆུང་བཞིའི་འགོ་ཁྲིད། ཁུལ་གཏོགས་ལས་ཁུངས་དང་ལས་སྒྲུབ་མང་ཚོགས་ཀྱི་འཐུས་ཚབ་པ(རུ་སྒྲིག)། མི་གྲངས5000མན་དུ་ཚད་བཀག
དུས་ཚོད། ཟླ8པའི་ཚེས25ཉིན།(15:30-18:00)
ས་གནས། ཤམ་བྷ་ལའི་ཐང་ཆེན།
བྱ་འགུལ་གྱི་ནང་དོན། བོད་རིགས་རང་སྐྱོང་ཁུལ10ཡི་གྱོན་ཆས་འཁྲབ་སྟོན།
གཟིགས་མོ་བ། སྐུ་མགྲོན་དང་། འགོ་ཁྲིད། དེ་མིན་ནང་འཛུལ་འཛིན་བྱང་ཡོད་པའི་གཟིགས་མོ་བ་དག་ཡིན་ལ། མི་གྲངས5000མན་དུ་ཚད་བཀག
དུས་ཚོད། ཟླ8པའི་ཚེས25ཉིན།(19:00-22:00)
ས་གནས། ཤམ་བྷ་ལའི་ཐང་ཆེན།
བྱ་འགུལ་གྱི་ནང་དོན། བོད་རིགས་རང་སྐྱོང་ཁུལ10ཡི་གྱོན་ཆས་འཁྲབ་སྟོན།
གཟིགས་མོ་བ། ཁུལ་རིམ་པའི་འགོ་ཁྲིད་ཡོངས་དང་། ཁུལ་གཏོགས་ལས་ཁུངས་དང་རྫོང་སོ་སོའི་ལས་སྒྲུབ་པ། མང་ཚོགས་ཀྱི་འཐུས་ཚབ་པ(རུ་སྒྲིག)་སོགས་ནང་འཛུལ་འཛིན་བྱང་ཡོད་པའི་གཟིགས་མོ་བ་དག་ཡིན་ལ། མི་གྲངས5000མན་དུ་ཚད་བཀག
དུས་ཚོད། ཟླ8པའི་ཚེས26ཉིན།(ཉིན་ཧྲིལ་བོར)
ས་གནས། ཤམ་བྷ་ལའི་ཐང་ཆེན།
བྱ་འགུལ་གྱི་ནང་དོན། ཁུལ་གཏོགས་ལས་ཁུངས་དང་རྫོང་སོ་སོའི་ཆེད་བསྒྲིགས་རིག་རྩལ་འཁྲབ་སྟོན།
གཟིགས་མོ་བ། ཁུལ་དང་རྫོང་སོ་སོའི་ལས་སྒྲུབ་མང་ཚོགས། མི་གྲངས5000མན་དུ་ཚད་བཀག


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།