བོད་ལུགས་གསོ་རིག་མཁས་དབང་ལ་བཅར་འདྲི་ཞུ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་བསྡུས་པ།
བོད་ལུགས་གསོ་རིག་མཁས་དབང་ལ་བཅར་འདྲི་ཞུ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་
བསྡུས།(པར་རིས་ཡོང་ཁུངས། ཀྲུང་གོའི་རྒྱང་སྒྲོག་དྲ་བ)
ཟླ8པའི་ཚེས26ཉིན། ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་དང་། མི་རིགས་ལེ་ཚན་ལྟེ་གནས་བོད་སྐད་བརྒྱུད་ལམ་དང་བརྙན་འཕྲིན་ལེ་ཚན་ལྟེ་གནས《ཀྲུང་དབྱང་རྒྱང་བསྒྲགས་བདེ་ཐང》བརྒྱུད་ལམ་གཉིས་ཀྱིས་འགན་སྒྲུབ་གནང་བའི་དངོས་བྲིས་རྣམ་པའི་རྒྱང་བསྒྲགས་བརྙན་འཕྲིན་ཆེད་དོན་ལེ་ཚན《བོད་ལུགས་གསོ་རིག་མཁས་དབང》ལ་བཅར་འདྲི་ཞུ་བའི་བྱེད་སྒོ་པེ་ཅིང་དུ་སྤེལ་བ་རེད།
མཛད་སྒོའི་སྟེང་། ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་འགོ་གཙོ་ཝང་ཆིའུ་ཡིས་རེ་སྨོན་ཆེན་པོ་བཅངས་ཏེ་བཤད་རྒྱུར། བོད་ལུགས་གསོ་རིག་མཁས་དབང་དྲིལ་སྒྲོག་དང་། བོད་མི་རིགས་ཀྱི་ཡུན་རིང་བའི་རིག་གནས་ཤུལ་བཞག་དང་གཅེས་སུ་འོས་པའི་དམངས་ཁྲོད་རིག་གནས་དྲིལ་སྒྲོག་བྱེད་པ་ནི་རྒྱལ་ཁབ་སྨྱན་བྱད་ཀྱི་འགན་འཁྲི་ཡིན་ཞིང་། སྒྲིག་ཁྲིད་དང་གསར་འགོད་པ་རྣམས་ཀྱིས་ཞིབ་ཚགས་ལྡན་པའི་ངང་གསར་སྐྲུན་གྱི་སྙིང་སྟོབས་བསྐྱེད་དེ་ཕབ་སྐྲུན་བྱ་བའི་ཁྲོད་ཀྱི་དཀའ་ཁག་ཡོད་ཚད་ཁྱད་དུ་སེལ་ཏེ་ཐེངས་འདིའི་བཅར་འདྲིའི་འགན་ཁུར་ཡོངས་སུ་ལེགས་འགྲུབ་བྱེད་དགོས།
ཀྲུང་ཧྭའི་རིག་གནས་ཁྱབ་ཆེ་ཞིང་གཏིང་ཟབ་པ་དང་། དེ་ལས་བོད་ཀྱི་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ཞིང་། བོད་ལུགས་གསོ་རིག་ནི་རང་རྒྱལ་གསོ་རིག་ནོར་མཛོད་ཀྱི་གཅེས་ནོར་ཞིག་ཡིན་པ་དང་། དེས་བོད་མི་རིགས་དང་ཀྲུང་ཧྭ་མི་རིགས་ཡོངས་ལ་མཛད་རྗེས་བླ་མེད་བསྐྲུན་ཡོད། བོད་མི་རིགས་ཀྱི་རིག་གནས་ཤུལ་བཞག་དར་སྤེལ་དང་དྲིལ་སྒྲོག་བྱེད་པར། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་རིགས་ལེ་ཚན་ལྟེ་གནས་བོད་སྐད་བརྒྱུད་ལམ་དང་བརྙན་འཕྲིན་ལེ་ཚན་ལྟེ་གནས《ཀྲུང་དབྱང་རྒྱང་བསྒྲགས་བདེ་ཐང》བརྒྱུད་ལམ་གཉིས་མཉམ་འབྲེལ་སྒོས《བོད་ལུགས་གསོ་རིག་མཁས་དབང》ཞེས་དངོས་བྲིས་རྣམ་པའི་རྒྱང་བསྒྲགས་བརྙན་འཕྲིན་གྱི་ཆེད་དོན་ལེ་ཚན་བཏོན་ཏེ། བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་མིང་གྲགས་ཆེད་མཁས་པ་དང་ཤེས་ཡོན་པ་སོགས་ལེགས་འདེམ་སྒོས་དོན་དངོས་ཐོག་ཁོ་ཚོའི་གསོ་བཅོས་བརྒྱུད་རིམ་དང་། བོད་ལུགས་གསོ་རིག་ཁྱབ་ཁོངས་སུ་བླངས་པའི་རིག་གཞུང་གྲུབ་འབྲས་སོགས་འགོད་རྒྱུ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com