ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་གཟབ་རྒྱས་ངང་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-08-31 12:27:00 ཀློག་གྲངས།:

甘南藏族自治州举行盛大庆典欢庆建州60周年
ཀན་ལྷོ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་གཟབ་རྒྱས་ངང་བསྡུས་པ།

  ཟླ8ཚེས30ཉིན།ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གཙོས་གྲོང་ཁྱེར་གྱི་ཁོར་ཡུག་ཀུན་ཏུ་མེ་ཏོག་རྣམ་པར་བཀྲ་ཞིང་སྤྲོ་དགའི་དཔལ་གྱིས་ཡོངས་སུ་བརྟས་འདུག་ལ། ཉིན་འདིར་ཀན་ལྷོ་ཁུལ་གྱི་རིགས་སོ་སོའི་མི་དམངས་ལྷན་ཅིག་ཏུ་འཛོམས་ཤིང་ལུས་ལ་གཟབ་མཆོར་གྱིས་སྤྲས་ནས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྟོན་ལ་རོལ།
  དགའ་སྟོན་སྟེང་རིམ་པ་སོ་སོའི་འགོ་ཁྲིད་རྣམས་ཀྱིས་ཀན་ལྷོའི་ལོ་ངོ60སྨིན་འབྲས་འགྲེམ་སྟོན་དང་། བོད་ཀྱི་ཐང་ག་སྟོང་ཕྲག གཟུགས་འདས་ཤུལ་བཞག་རིག་གནས་སོགས་ལ་གཟིགས་ཞིབ་གནང་ཞིང་། དེའི་རྗེས་དགའ་སྟོན་ཚོགས་འདུ་དང《སྤྲོ་སྐྱིད་ཀྱི་རྩྭ་ཐང》ཞེས་པའི་མང་ཚོགས་རིག་རྩལ་འཁྲབ་སྟོན་ཆེན་མོ་བསྡུས་ནས་ལོ་ངོ60རིང་ཀན་ལྷོའི་སྲིད་འབྱོར་རིག་གསུམ་ཐད་བླངས་པའི་སྨིན་འབྲས་ཚར་དུ་དངར་བ་ལ་རོལ་མྱོང་དང་མ་འོངས་པའི་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་རེ་སྙེག་བརྗོད་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།