ངོས་དང་པོ > སྐབས་དོན། > སྣ་ཚོགས། > ཡུན་ནན་བདེ་ཆེན་ལ་ཚད་རིམ5.9ཅན་གྱི་ས་འགུལ་བྱུང་ཞིང་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་ཁྱོན་ཡོངས་སུ་སྤེལ་བ།
ཡུན་ནན་བདེ་ཆེན་ལ་ཚད་རིམ5.9ཅན་གྱི་ས་འགུལ་བྱུང་ཞིང་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་ཁྱོན་ཡོངས་སུ་སྤེལ་བ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-09-02 09:48:00
ཀློག་གྲངས།:
ཟླ8པའི་ཚེས31ཉིན་གྱི་སྔ་དྲོའི་ཆུ་ཚོད8:04སྟེང་། ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དང་བདེ་ཆེན་རྫོང་གཉིས་དང་སི་ཁྲོན་ཞིང་ཆེན་སྡེ་རོང་རྫོང་གི་འདྲེས་མཚམས་སུ་ཚད་རིམ5.9ཅན་གྱི་ས་འགུལ་བྱུང་བ་རེད། ཟླ9པའི་ཚེས1ཉིན་གྱི་ཕྱི་དྲོའི་ཆུ་ཚོད15བར་དུ་མི5ཚེ་ལས་འདས་པ་དང་མི36ལ་རྨས་སྐྱོན་ཕོག མིག་སྔར་འཕྲོད་བསྟེན་པུས་སེམས་ཀྱི་ཉི་ཟླའི་མི་དམངས་སྨན་ཁང་དང་ཁུལ་བོད་སྨན་ཁང་གི་རྐང་འཛིན་སྨན་པ་ཁག་ཅིག་འཐེན་སྐོང་བྱས་ནས་མྱུར་སྐྱོབ་བྱེད་བཞིན་ཡོད་པར་མ་ཟད། སྤྱི་བདེ་ཉེན་རྟོག་པ་དང་དྲག་ཆས་ཉེན་རྟོག་པ། བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་ལས་བྱེད་པ་སོགས་ཀྱིས་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་ཁྱོན་ཡོངས་སྤེལ་བཞིན་པའི་སྒང་ཡིན་པ་རེད།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།