མཚོ་སྔོན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་བྱམས་བུད་མེད་ཚོགས་ཆུང་གི་འཆར་འགོད་འཐབ་ཇུས་ཚོགས་འདུ་བསྡུས་པ།
མཚོ་སྔོན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་བྱམས་བུད་མེད་ཚོགས་ཆུང་གི་འཆར་འགོད་འཐབ་ཇུས་ཚོགས་འདུ་བསྡུས་པ།
ཟླ8པའི་ཚེས29ཉིན་ནས31ཉིན་བར། མཚོ་སྔོན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་བྱམས་བུད་མེད་ཚོགས་ཆུང་གི་འཆར་འགོད་འཐབ་ཇུས་ཚོགས་འདུ་ཟི་ལིང་ཞོ་ཏོའི་གསབ་སྦྱོང་ལྟེ་གནས་སུ་ཚོགས་ཤིང་། གདན་ཞུའི་དགེ་རྒན་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་བུད་མེད་ཀྱི་ལས་ཀ་གཉེར་བའི་ཧྲན་ཞིའི་བུད་མེད་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཀོ་དགེ་རྒན་ལགས་ཡིན་ལ། ཁོ་མོས་མཚོ་སྔོན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་བྱམས་བུད་མེད་ཚོགས་ཆུང་གིས་ལོ་ངོ་འདི་དག་ལ་བསྒྲུབས་པའི་བྱ་བར་ཕྱོགས་བསྡོམས་དང་མ་འོངས་བའི་ལོ་ངོ་གསུམ་གྱི་བྱ་བར་མཛུབ་ཁྲིད་གནང་། ཚོགས་ཞུགས་མི་སྣར་མཚོ་སྔོན་སྙིང་རྗེ་རོགས་སྐྱོར་ཚོགས་པའི་མཐོ་སྒང་རིག་གནས་སྲུང་སྐྱོབ་ཚོགས་ཆུང་དང་། མཚོ་སྔོན་བོད་རིག་པའི་ཞིབ་འཇུག་ཚོགས་པ། སྒྲོན་མེ་སློབ་གསོ་རོགས་སྐྱོར་ཚོགས་པ། གངས་རིའི་བུ་མོའི་རྩོམ་སྒྲིག་ཚན་ཆུང་སོགས་ཀྱི་འཐུས་ཚབ་མི་སྣ་དང་། ད་དུང་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་མ་འགའ་སོགས་བསྡོམས་པས་མི་ཉི་ཤུ་ལྷག་ཚོགས་འདུར་ཞུགས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com