ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་ཁྲིམས་འཛིན་གསལ་འབྱེད་ཁང་བཙུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-08 11:05:00 ཀློག་གྲངས།:
        ཉེ་ལམ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་དངོས་སུ་བཙུགས་ནས་སྒོ་བྱང་བཀལ། དེ་ནི་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་མང་ཚོགས་ཀྱི་ཁྲིམས་འཛིན་གསལ་འབྱེད་བྱེད་ཀྱི་རེ་ཞུ་དཀའ་གནད་གནས་ཚུལ་ལ་གཞིག་སྟེ་བཙུགས་པའི་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་ཤིག་ཡིན་པ་དང་། འདིས་མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་དུ་ཁྲིམས་འཛིན་གསལ་འབྱེད་ལས་ཁུངས་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་བསྐངས་པ་རེད།
        ཡུལ་ཤུལ་ཁུལ་མི་དམངས་སྨན་ཁང་ཁྲིམས་འཛིན་གསལ་འབྱེད་ཁང་ནི་ཁུལ་མི་དམངས་སྨན་ཁང་གིས་ནུས་ཤུགས་ཡོད་རྒུས་རོགས་སྐྱོར་དང་། སྨན་ཁང་དེ་དང་ས་དེ་གའི་ལག་རྩལ་རྐང་འཛིན་པར་རྒྱབ་རྟེན་ཞིང་། མཚོ་སྔོན་ཞིང་ཆེན་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་འབྲེལ་ཡོད་སྒྲིག་ཆས་དང་བྱ་བའི་ཆ་རྐྱེན་ལ་ཞིབ་བཤེར་ནན་མོ་དང་། ལག་རྩལ་མི་སྣར་ཟབ་སྦྱོང་ལེགས་པོ་བྱས་ཐོག ཁྲིམས་ལྟར་དཔྱད་ཞིབ་ཆོག་མཆན་དང་ཐོ་འགོད་དང་། སྤྱི་ཚོགས་ལ་ཁ་ཕྱོགས་ནས་ཁྲིམས་དཔྱད་སྨན་པས་ནད་ཐོག་དང་ཁྲིམས་དཔྱད་ནད་ཀྱི་རྒྱུ་རྐྱེན་གསལ་འབྱེད་བྱེད་པ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།