བོད་ལྗོངས་ལྷོ་ཁ་རྒྱ་ཚ་རྫོང་ཚེ་ཆུ་ཤང་སྐབས་དང་པོའི་ལྷ་མོ་བླ་མཚོའི་འབྲོག་པའི་དུས་ཆེན་བསྡུས་པ།
བོད་ལྗོངས་ལྷོ་ཁ་རྒྱ་ཚ་རྫོང་ཚེ་ཆུ་ཤང་སྐབས་དང་པོའི་ལྷ་མོ་བླ་མཚོའི་འབྲོག་པའི་
དུས་ཆེན་བསྡུས་པ།(པར་རིས་ཡོང་ཁུངས། མི་དམངས་དྲ་བ)
ཟླ9བའི་ཚེས7ཉིན། བོད་ལྗོངས་ལྷོ་ཁ་རྒྱ་ཚ་རྫོང་ཚེ་ཆུ་ཤང་དུ《ཕ་ཡུལ་གྱི་གླུ》ཞེས་པའི་གླུ་གར་འཁྲབ་སྟོན་ལས་སྐབས་དང་པོའི་ལྷ་མོ་བླ་མཚོའི་འབྲོག་པའི་དུས་ཆེན་མགོ་རྩོམ་རིག་རྩལ་འཁྲབ་སྟོན་གྱི་སྒོ་མོ་ཡོངས་སུ་ཕྱེས།
སྐབས་དང་པོའི་ལྷ་མོ་བླ་མཚོའི་འབྲོག་པའི་དུས་ཆེན་ནི་ཚེ་ཆུ་ཤང་གི་སྲིད་འཛིན་སྡེ་བ་གསུམ་གྱི་སྡེ་དམངས་ཀྱིས་རང་སྒྲིག་རང་ཁྲིད་རང་འཁྲབ་སྒོས་རིག་རྩལ་རྣམ་གྲངས30འཁྲབ་སྟོན་བྱས་པ་ཡིན་ལ། དེར་གླུ་གར་དང་། ཁ་ཤགས། གཞས་མ་གཏམ་སོགས་རྣམ་པ་སྣ་ཚོགས་འདུས་པ་དང་། འདི་ལྟ་བུའི་གོ་སྐབས་ལེགས་པོར་བསྟུན་ཏེ་ཚེ་ཆུ་ཤང་གི་རྣམ་པ་གསར་བ་དང་། འགྱུར་ལྡོག་གསར་བ། འབྲོག་པའི་བདེ་སྐྱིད་ཀྱི་འཚོ་བ་བཅས་མཚོན་པར་བྱས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com