བཙན་པོ་རྐང་གྲུག་རུ་ཁག་ལ་མཚོ་སྔོན་ལས་གསེང་རྐང་གྲུག་མི་ལྔ་ཅན་འགྲན་བསྡུར་གྱི་ཨང་དང་པོ་ཐོབ།
ཟི་ལིང་གྲོང་ཁྱེར་སྐབས་བདུན་པའི་ལུས་རྩལ་འགྲན་ཚོགས“དར་མའི་སྤྱི་ཚོགས་རུ་ཁག་མི་བཅུ་གཅིག་ཅན་གྱི་རྐང་གྲུག་
འགྲན་བསྡུར”ཁྲོད་བཙན་པོ་རྐང་གྲུག་རུ་ཁག་གིས་བྱ་དགའ་ཨང་དང་པོ་བླངས།
ཉེ་ལམ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར“ལས་གསེང་རྐང་གྲུག་མི་ལྔ་ཅན་ཀ་ཁ་རིམ་པའི་མཉམ་འབྲེལ་འགྲན་བསྡུར”དེ་ཟི་ལིང་གྲོང་ཁྱེར་དུ་སྤེལ་ཞིང་། དེ་ཡང་ལས་རིགས་སོ་སོ་རུ་རྐང་གྲུག་ལུས་རྩལ་ལ་དུངས་པའི་བོད་རིགས་ན་གཞོན20ལས་གྲུབ་པའི་བཙན་པོ་རྐང་གྲུག་རུ་ཁག་གིས་ཐེངས་འདིའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་བླངས།
བཙན་པོ་རྐང་གྲུག་རུ་ཁག་གིས་མཚོ་སྔོན་ལས་གསེང་རྐང་གྲུག་མི་
ལྔ་ཅན་ཀ་ཁ་རིམ་པའི་འགྲན་བསྡུར་གྱི་ཨང་དང་པོ་བླངས།
མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བཙན་པོ་རྐང་གྲུག་རུ་ཁག་ནི2013ལོར་གྲུབ་པའི་རྗེས་སུ་རྐང་གྲུག་ལུས་རྩལ་གྱི་ཕྱོགས་ནས་གྲུབ་འབྲས་གཟེངས་སུ་ཐོན་ཞིང་། ད་ལྟའི་བར་བླངས་པའི་བྱ་དགའ་ནི། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུས་སྤེལ་བའི“2013ལོའིམཚོ་སྔོན་ཞིང་ཆེན་མཚོ་སྔོན་རྩལ་སྦྱོང་མི་ལྔ་ཅན་གྱི་རྐང་གྲུག་འགྲན་བསྡུར”ཁྲོད་བྱ་དགའ་ཨང་གསུམ་པ་དང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྐབས་བདུན་པའི་ལུས་རྩལ་འགྲན་ཚོགས“དར་མའི་སྤྱི་ཚོགས་རུ་ཁག་མི་བཅུ་གཅིག་ཅན་གྱི་རྐང་གྲུག་འགྲན་བསྡུར”ཁྲོད་བྱ་དགའ་ཨང་དང་པོ། དེ་མིན་ད་ཐེངས་མཚོ་སྔོན་ལས་གསེང་རྐང་གྲུག་མི་ལྔ་ཅན་ཀ་ཁ་རིམ་པའི་མཉམ་འབྲེལ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་བཅས་བླངས་པ་རེད།
བཙན་པོ་རྐང་གྲུག་རུ་ཁག་འདི་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་རིགས་ན་གཞོན་པས་གྲུབ་པ་ཡིན་ལ། འདིས་དུས་ཡུན་ཐུང་ངུའི་ནང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པ་དང་བསྟུན་ནས་དཀའ་ངལ་ཡང་གང་མང་འཕྲད་ཡོད་པ་དང་། སྒོས་སུ་འགྲོ་སོང་ཐད་ནས་རུ་མི་སྒེར་གྱིས་ཁས་བླངས་ནས་མ་དངུལ་བསྡུས་ཏེ་ཐོག་མའི་དུས་ཀྱི་དཀའ་ངལ་ཙམ་སེལ་ཐབས་བྱས་ཏེ་རུ་གཙོ་དཔའ་གོའི་སྣེ་ཁྲིད་འོག་སྔར་བཞིན་གྲགས་མདངས་རྒྱས་ཡོད་པ་རེད།
བཙན་པོ་རྐང་གྲུག་རུ་ཁག་གི་རུ་མིས་བཤད་རྒྱུར། བཙན་པོ་རྐང་གྲུག་རུ་ཁག་འདི་སྔར་ལས་སྟོབས་འགྱུར་དང་ཇེ་རྒྱས་ཇེ་ལེགས་སུ་གཏོང་བ་དང་། དེའི་རྒྱུན་རིང་འཕེལ་རྒྱས་ལ་དགོངས་ཏེ་ད་དུང་སྤྱི་ཚོགས་ལས་རིགས་སོ་སོའི་རམ་འདེགས་གང་མང་མཁོ་གལ་ཆེ་བས་རྣམ་པ་ཚོའི་རོགས་རམ་རེ་གནང་བར་སྙིང་ནས་སྨོན་ཞིང་། རུ་མི་རྣམས་ཀྱིས་ཚོང་བའི་རོགས་རམ་ཐོབ་པར་ལྷག་ཏུ་རེ་བ་བྱེད་ཀྱི་ཡོད་དེ། ཚོང་བ་དང་མཉམ་འབྲེལ་མཉམ་རྒྱལ་སྒོས་འཚོ་གནས་ཀྱི་ཁོར་ཡུག་ཅིག་བསྐྲུན་ཏེ་ཕ་ཡུལ་གྱི་ལུས་རྩལ་ལས་རིགས་ཐད་བྱས་རྗེས་འཇོག་པ་དང་མ་འོངས་བོད་རིགས་ན་གཞོན་རྣམས་ལ་རང་ཉིད་ཀྱི་ལུས་རྩལ་རྨི་ལམ་མངོན་འགྱུར་བྱེད་པའི་ལུས་རྩལ་གྱི་སྟེགས་བུ་ཞིག་བསྐྲུན་པར་བརྩོན་པ་ཡིན།
འབྲེལ་གཏུག་ཁ་པར། 13897793335
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com