མཚོ་སྔོན་པོར་ཆུ་ཉ་བྱ་གསུམ་མཉམ་འཚོའི་སྐྱེ་ཁམས་དོ་མཉམ་གྱི་མ་ལག་ཆགས་འགོ་ཚུགས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-17 10:30:00 ཀློག་གྲངས།:

青海湖初步形成水鱼鸟共生的生态平衡系统
མཚོ་སྔོན་པོའི་བྱ་གླིང་།

  ལོ་ངོ13རིང་ལ་མཚོ་སྔོན་པོར་མཚོ་བཀག་ཉ་གསོ་བྱས་པར་བརྒྱུད་ནས། མིག་སྔར་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་བསགས་ཚད་ཏུན33569ལ་བསླེབས་པ་དང་། 2001ལོ་དང་བསྡུར་ན་ཏུན་ཁྲི3ལྷག་གིས་ཇེ་མང་དུ་སོང་ལ། ལྡབ13འཕར་ནས་གདོད་མའི་ཐོན་ཁུངས་བསགས་ཚད་ཀྱི11%ལ་བསླེབས་པ་རེད།
  གསེར་ཉའི་ཁྱུ་ཚོགས་ཀྱི་གྲངས་ཀ་རིམ་གྱིས་སླར་གསོ་བྱས་པ་དེས་མཐའ་འཁོར་ས་ཁུལ་གྱི་བྱ་རིགས་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་བཅོས་བྱུང་ནས། བྱ་རིགས་ཀྱི་གྲངས་ཀ་དེ2000ལོའི་རིགས164དང་གྲངས་ཀ་ཁྲི5ནས2012ལོའི་རིགས212དང་གྲངས་ཀ་འབུམ3ལ་འཕར་བས། ཆུ་དང་ཉ། བྱ་གསུམ་མཉམ་འཚོ་བྱེད་པའི་མཚོ་སྔོན་པོའི་སྐྱེ་ཁམས་དོ་མཉམ་གྱི་མ་ལག་ཅིག་ཐོག་མར་ཆགས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།