རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་ལོ་འཁོར60ལོན་པའི་དགའ་སྟོན་ཚོགས་ཆེན་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-17 10:43:00 ཀློག་གྲངས།:
        ཟླ9བའི་ཚེས16ཉིན་གྱི་སྔ་དྲོ། རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་རྟེན་འབྲེལ་ཚོགས་འདུ་ཆེན་མོ་དེ་འབར་ཁམས་སུ་གཟབ་རྒྱས་ངང་སྤེལ་ཞིང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྔ་བ་བོད་རིགས་ཆཱང་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པར་རྟེན་འབྲེལ་གྱི་གློག་འཕྲིན་བསྐུར་ཡོང་བ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་སྨོན་ཞུ་རུ་ཁག་གི་རུ་གཙོའམ་རྒྱལ་ཁབ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་གཞོན་པ་རིན་ལེ་ཀྲོའོ་དང་། སི་ཁྲོན་ཞིང་ཆེན་སྨོན་ཞུ་རུ་ཁག་གི་རུ་གཙོའམ་ཞིང་ཨུའི་ཧྲུའུ་ཅི་ཝང་ཏུང་མེན། ཞིང་ཆེན་སྨོན་ཞུ་རུ་ཁག་གི་རུ་གཙོའམ་ཞིང་ཨུའི་ཧྲའུ་ཅི་གཞོན་པ། ཧྲིན་ཀྲང་ཝེ་ཧོང་རྣམས་དགའ་སྟོན་རྟེན་འབྲེལ་གྱི་ཚོགས་འདུར་ཞུགས་པ་དང་། འབྲེལ་ཡོད་འགོ་ཁྲིད་ཀྱིས་གཏམ་བཤད་གནང་བ་དང་བསྟུན་ནས་ས་གནས་མང་ཚོགས་ཀྱིས་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་བཤམས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།