མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་བྱ་འགུལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་བསྡུས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-17 11:38:00 ཀློག་གྲངས།:


མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་བྱ་འགུལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་བསྡུས།


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་ཚོགས་ཆེན་སྟེང་གཏམ་བཤད་གལ་ཆེན་གནང་བ།

        ཟླ9བའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་ པའི་དགའ་སྟོན་བྱ་འགུལ་གྱི་སྤྱི་བསྡོམས་གཟེངས་བསྟོད་ཚོགས་ཆེན་དེ་ཁུལ་ཚོགས་ འདུ་ལྟེ་གནས་སུ་བསྡུས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲང་ཝུན་ཁོས་དང་ཁུལ་དཔོན་བསོད་ནམས་དོན་གྲུབ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ཐར། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ། དྲིལ་སྒྲོག་པུའི་འགོ་གཙོ་ཏུན་ཅེ་རིན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའི་འགོ་གཙོ་ཨ་དགེ་འདུན། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་ལི་ཐིན་ཞང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་ཁྲིམས་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་ཀླུ་ འབུམ་རྒྱལ། ཁུལ་དམངས་ཆེན་ཀྲུའུ་རིན་གཞོན་པ་ཡུན་མུ་ལེ་སོགས་འབྲེལ་ཡོད་འགོ་ཁྲིད་དང་། རྫོང་སོ་སོའི་སྲིད་གཞུང་གཙོ་དམ་རིག་གནས་བྱ་བའི་རྫོང་དཔོན་གཞོན་པ། ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་གཏོགས་ལས་ཁུངས། མི་དམངས་ཀྱི་མཐུན་ཚོགས་སོ་སོ། ཆབ་ཆར་སྡོད་པའི་ལས་ཁུངས་སོ་སོའི་གཙོ་འགན་བ། ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་བྱ་འགུལ་གྱི་ཐུན་མོང་འགན་ཁུར་བ་དང་ སྔོན་ཐོན་མི་སྒེར་བཅས་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པ་རེད།


མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རབ་འོག་མ་སྡེ་བའི་ཀྲི་པུའུ་ཧྲུའུ་ཅིའམ་མཚོ་སྔོན་ཧྭ་བརྩེ་ས་ཁང་བདག་ཁོངས་
སྔོག་འདོན་ཚད་ཡོད་ཀུང་ཟིའི་ལས་འཛིན་པ་དཔའ་དཀར་རྒྱལ་ལ་གཟེངས་དར་ཕུལ།

སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་གནང་བ
སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་གནང་བ།

        ཚོགས་ཆེན་ནི་ཁུལ་དཔོན་བསོད་ནམས་དོན་གྲུབ་ཀྱིས་མདོ་འཛིན་མཛད་ཅིང་། ཚོགས་ཐོག་ཏུ་ཧྲུའུ་ཅི་ཀྲང་ཝུན་ཁོས་ཀྱིས་ཁུལ་སྟོན་བྱ་འགུལ་དུ་སྒོར་ཁྲི100ཞལ་འདེབས་སུ་ཕུལ་བའི་མཚོ་ལྷོ་ཁུལ་གསེར་ཆེན་རྫོང་རབ་འོག་མ་སྡེ་བའི་ཧྲུའུ་ཅིའམ་མཚོ་སྔོན་ཧྭ་བརྩེ་ས་ཁང་བདག་ཁོངས་སྔོག་འདོན་ཚད་ཡོད་ཀུང་ཟིའི་ལས་འཛིན་པ་དཔའ་དཀར་རྒྱལ་ལ་གཟེངས་དར་ཕུལ་བ་མ་ཟད་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་དཔའ་དཀར་རྒྱལ་ལ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་དགའ་སྟོན་བྱ་འགུལ་ཁྲོད་བླ་མེད་ཀྱི་མཛད་བཟང་བཞག་པར་བཀའ་དྲིན་ཞུས་པ་དང་། དེ་མིན། 《འཆམ་མཐུན་སྤྲོ་གླུ》འཁྲབ་ཁྲིད་རུ་ཁག་དང་། 《བོད་རིགས་གྱོན་ཆས་འཁྲབ་སྟོན》སྒྲིག་ཁྲིད་རུ་ཁག་ལ་གཟེངས་རྟགས་གནང་ལ། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ་དང་ཁུལ་ཨུའི་གཞུང་སྒྲུབ་ཁང་། ཁུལ་ཨུའི་དྲིལ་སྒྲོག་པུའུ་སོགས་ལས་ཁུངས8ལ་སྔོན་ཐོན་ཐུན་མོང་དང་། ཨ་བོ་དང་། བསོད་ནམས་ཚེ་རིང་། པོའོ་ཡུའུ་ལན། ཏུའུ་ཅིན་ཕུན། ཝུ་ཀྲིན་ཧུན། ལི་ཧོང་པིན། བདེ་ཆེན་མཚོ་སོགས་མི60ལ་སྔོན་ཐོན་མི་སྒེར་གྱི་གཟེངས་བསྟོད་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།