རྡོ་རྗེ་མཁར་གྱིས་རང་སྲོག་བློས་བཏང་ནས་ཧོ་པེའི་རྒྱ་རིགས་བུ་མོ་སྐྱབས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-18 10:07:00 ཀློག་གྲངས།:

青海藏族小伙勇救湖北汉族女孩献出年仅17岁的生命
རྡོ་རྗེ་མཁར(གྲལ་སྔོན་མའི་གཡོན་གྱི་དང་པོ)དང་ཁོའི་སློབ་གྲོགས་ཚོ།

རྡོ་རྗེ་མཁར་གྱིས་གཞན་སྲོག་སྐྱོབ་ཆེད་གྲུ་ཁ་འདིར་ཚེ་སྲོག་ཤོར།

  ཟླ9པའི་ཚེས15ཉིན། མཚོ་སྔོན་ནས་ཡོང་བའི་སློབ་མ་རྡོ་རྗེ་མཁར་གྱིས་ཧོ་པེ་ཞིང་ཆེན་བུའོ་ཧན་གྲོང་ཁྱེར་དུ་རྒྱ་རིགས་བུ་མོ་ཞིག་སྐྱབས་ནས། ཁོང་གི་ཚེ་སྲོག་ཕངས་མེད་དུ་སྦྱིན་ལ། ད་ལོར་ལོ་ན17ལ་སོན་ཡོད་པ་རེད། 
  རྡོ་རྗེ་མཁར་ནི1996ལོའི་ཟླ6པའི་ཚེས11ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་དུ་སྐྱེས་ཤིང་། ཧོ་པེ་ཞིང་ཆེན་བུའོ་ཧན་གྲོང་ཁྱེར་ཅང་ཧན་རྡོ་སྣུམ་མཐོ་རིམ་ལག་རྩལ་སློབ་གྲྭར་སློབ་གཉེར་བྱེད་ཀྱིན་ཡོད་པ་རེད། ཟླ9པའི་ཚེས15ཉིན། རྡོ་རྗེ་མཁར་དང་ཁོང་གི་སློབ་གྲོགས་ཝང་ཧེ་ཡེ། ཏུའུ་ཡུན་ཀོ། རིག་འཛིན་ལྷུན་གྲུབ་སོགས་ཀྱིས་ཉིན་གུང་ཟ་མ་ཟས་རྗེས་ཅང་ཧན་སྣུམ་གཏེར་ཉེ་འགྲམ་གྱི་གྲུ་ཁར་སོང་ནས་རྩེད་འཇོ་ལ་རོལ་དུས། ཝང་ཧེ་ཡེ་དང་ཞོས་ཡའོ་མིན་གཉིས་ཆུ་ཁར་སྡོད་སྐབས་ཡིད་འཇོག་མ་བྱས་པར་ཆུ་ནང་ལ་ལྷུང་། ཤི་གསོན་གྱི་འགག་རྩར་ཐུག་དུས་རྡོ་རྗེ་མཁར་དེ་མ་ཉིད་དུ་ཆུ་ནང་ལ་མཆོང་བ་དང་། དེའི་རྗེས་སློབ་གྲོགས་གཞན་རྣམས་ཀྱང་སྔ་རྗེས་སུ་ཆུ་ལ་མཆོང་ནས་སྐྱོབ་རོགས་བྱས། ཁོང་ཚོས་ཧུར་ཐག་འབད་ཐག་བྱས་པར་བརྟེན་ནས་བུ་མོ་དེ་གཉིས་ཆུ་ལས་བསྐྱབས་ཐུབ་བྱུང་མོད། དུས་དེར་སློབ་གྲོགས་རྡོ་རྗེ་མཁར་གྱིས་ལུས་སྟོབས་ཉམས་ནས་ཆུ་ནང་ལ་ནུབ་པས། ལོ17མ་གཏོགས་མེད་པའི་གཞོན་པའི་ཚེ་སྲོག་དེ་ཕངས་མེད་དུ་སྦྱིན་པ་རེད།
  ཟླ9པའི་ཚེས17ཉིན་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་ཚོགས་ཁག་ཅང་ཧན་རྡོ་སྣུམ་དོ་དམ་ཅུའི་གུང་གཞོན་ཚོགས་པའི་ཨུ་ཡོན་ལྷན་ཁང་གིས་རྡོ་རྗེ་མཁར་ལ་བདེན་ཐོག་དཔའ་སྐྱེད་ཀྱི་ན་གཞོན་བཟང་པོའི་མཚན་སྙན་གནང་བ་རེད། རྡོ་རྗེ་མཁར་གྱིས་ཤི་གསོན་གྱི་གནད་ལ་ཐུག་དུས་རང་སྲོག་བློས་སུ་བཏང་ནས་གཞན་སྲོག་སྐྱབས་པའི་རླབས་ཆེ་བའི་སྤྱོད་བཟང་དེས་རང་དོན་ཐེར་ལ་དོར་ནས་གཞན་དོན་མཆོག་ཏུ་སྒྲུབ་པའི་བླ་མེད་སྙིང་སྟོབས་དང་ཕངས་མེད་ཀྱི་བློ་ཁོག་ཡངས་པོ་དེ་མངོན་པར་མཚོན་པ་རེད།


སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་སློབ་གྲོགས་རྡོ་རྗེ་མཁར་ལ་རང་འགུལ་གྱིས་སྒོར28000ཀྱི་ཞལ་འདེབས་ཕུལ་བ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།