མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་ལྔ་བའི་ཐོག་མའི་འགྲན་བསྡུར་གྱི་མཚོ་ལྷོ་འགྲན་ཁུལ་མཇུག་སྒྲིལ།
མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་ལྔ་བའི་ཐོག་མའི་འགྲན་བསྡུར་གྱི་མཚོ་ལྷོ་འགྲན་ཁུལ།
ཟླ9བའི་ཚེས17ཉིན། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་དང་། མཚོ་སྔོན་རླུང་འཕྲིན་ཚོང་རའི་མཚོ་ལྷོའི་ཡན་ལག་ཚོང་ཁང་གིས་འགན་སྒྲུང་གནང་ བའི་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་རླུང་འཕྲིན་ཚོང་ར་རྟགས་ མའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་ལྔ་བའི་ཐོག་མའི་འགྲན་ བསྡུར(མཚོ་ལྷོ་འགྲན་ཁུལ)དེ་ཆབ་ཆ་གྲོང་རྡལ་དུ་སྤེལ་བ་རེད།
དཔྱད་འདེམ་པ་རྣམ་པ།
མཚོ་ལྷོའི་འགྲན་ཁུལ་དུ་བདམས་ཐོན་བྱུང་བའི་ཕུལ་བྱུང་རྡུང་ལེན་པ་བཅུ།
མཚོ་ལྷོའི་འགྲན་ཁུལ་དུ་བྱང་མོ་མཚོ་དང་། གནམ་ལྷ་འབུམ། ནམ་མཁའ་ཚེ་རིང་། ཨ་བརྟན་རྒྱལ། རྟ་མགྲིན་ཚེ་རིང་། ཀུན་བཟང་། པདྨ་དབང་གྲགས་བཅས་ཀྱིས་དཔྱད་འདེམ་པའི་འགན་ཁུར་བ་དང་། དེ་ཡང་སྡོམ་པས་ས་གནས་ཀྱི་རྡུང་ལེན་པ20ཡིས་མཚོ་ལྷོའི་འགྲན་ཁུལ་དུ་ཛ་དྲག་གི་འགྲན་བསྡུར་བརྒྱུད་མཐར་རྡུང་ལེན་པ10སྟེ། ཨང་རིམ་ལྟར། ནོར་བུ་དབང་ལྡན་དང་། དཔའ་འཁོར་རྒྱལ། འཇམ་དཔལ་ཚེ་རིང་། ཨ་ཕྱུགས། འཕགས་མོ་ཚེ་བརྟན། བཀྲ་ཤིས་དོན་གྲུབ། ཕྱག་རྡོར། རིག་འཛིན་རྡོ་རྗེ། ཁྲོ་རུ་རྒྱ་མཚོ། ངག་དབང་རྣམ་རྒྱལ་བཅས་ཨང་དང་པོ་ནས་ཨང་བཅུ་བ་བདམས་ཐོན་བྱུང་།
དཔྱད་འདེམ་པ་རྣམས་དང་མཚོ་ལྷོའི་འགྲན་ཁུལ་དུ་བདམས་ཐོན་བྱུང་བའི་ཕུལ་བྱུང་རྡུང་ལེན་པ་བཅུ།
རྒྱུས་ལོན་པ་ལྟར་ན། 2013ལོའི་ཟླ10བའི་ཚེས22ཉིན་མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་རླུང་འཕྲིན་ཚོང་ར་རྟགས་མའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་བསྡུར་སྐབས་ལྔ་བའི་རྟིང་རྩོད་འགྲན་བསྡུར་ཟི་ལིང་དུ་བསྡུ་རྒྱུ་ཡིན་པ་དང་། སྐབས་དེར་འགྲན་ཁུལ་སོ་སོའི་ཕུལ་བྱུང་རྡུང་ལེན་པ་དག་ཟི་ལིང་དུ་རྟིང་རྩོད་ལ་ཞུགས་རྒྱུ་ཡིན་པ་མ་ཟད། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་རྩ་འཛུགས་བྱེད་པའི་རིག་རྩལ་འཁྲབ་སྟོན་སྣ་ཚོགས་སུའང་དམིགས་བསལ་སྒོས་ཞུགས་ཆོག་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com