ཚལ་རྔ་འགག་གི་གྲོག་རོང་ས་ཁུལ་གྱི་གནའ་བའི་གྲངས་ཚད་མང་དུ་འཕེལ་བ།
ཉེ་བའི་ལོ་ནང་། མཚོ་སྔོན་ཞིང་ཆེན་ཚལ་རྔ་འགག་གི་ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། ཚལ་རྔ་འགག་གི་གྲོག་རོང་ས་ཁུལ་གྱི་གནའ་བའི་གྲངས་ཚད་རིམ་གྱིས་མང་དུ་འཕེལ་བ་རེད། ཚལ་རྔ་འགག་མཛེས་ལྗོངས་ཀྱི་ལས་བྱེད་མི་སྣས་བཤད་རྒྱུར། གནས་དེར་རི་དྭགས་རྔོན་པའི་གནས་ཚུལ་འབྱུང་བཞིན་ཡོད་པས། འབྲེལ་ཡོད་སྡེ་ཁག་གིས་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་དྲིལ་སྒྲོག་བྱེད་པའི་ཤུགས་ཚད་ཆེ་རུ་བསྐྱེད་པ་དང་། སྤྱི་ཚོགས་ཡོངས་ཀྱིས་ང་ཚོའི་སྐྱེ་ཁམས་ཀྱི་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་པར་སྨོན་ཞེས་བརྗོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com