བོད་ལྗོངས་སུ་སྐྱེས་མའི་ཁེ་ལས་པའི་མཐུན་ཚོགས་བཙུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-22 11:09:00 ཀློག་གྲངས།:
  ཉེ་ཆར། བོད་ལྗོངས་སུ་སྐྱེས་མའི་ཁེ་ལས་པའི་མཐུན་ཚོགས་དངོས་སུ་བཙུགས་ཤིང་། བོད་ལྗོངས་ཀྱི་ལས་ཁུངས་སོ་སོ་ནས་ཡོང་བའི་སྐྱེས་མའི་ཁེ་ལས་པ་མི42དེའི་ཁོངས་སུ་ཞུགས་ཡོད་པ་རེད།
  མཚམས་སྦྱོར་བྱས་པ་ལྟར་ན་ཁོངས་མི42ཡོད་པའི་ཁྲོད། རྒྱལ་དབང་ཁེ་ལས10དང་དམངས་གཉེར་ཁེ་ལས32ཡོད་ལ། གཙོ་བོ་རིག་གནས་དང་། སློབ་གསོ། གནས་སྐོར། བཟོ་བཀོད། ལག་ཤེས་བཟོ་རྩལ། བཟའ་བཏུང་། ཞལ་སྤྲས་སོགས་ཀྱི་ལས་ཀ་གཉེར་གྱིན་ཡོད་ཅིང་། རྗེས་སོར་མུ་མཐུད་དུ་དེའི་ཤན་སྟོབས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་སྐྱེས་མའི་ཁེ་ལས་པ་དེ་ལས་མང་པོ་ཞིག་ནང་དུ་ཞུགས་སུ་འཇུག་རྒྱུ་རེད།
  བོད་ལྗོངས་ཀྱི་སྐྱེས་མའི་ཁེ་ལས་པའི་མཐུན་ཚོགས་བཙུགས་པ་དེའི་དམིགས་འབེན་ནི་བོད་ལྗོངས་ཀྱི་སྐྱེས་མའི་ཁེ་ལས་པའི་རེ་འདོད་མངོན་མཚོན་དང་། སྐྱེས་མའི་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། ཁོང་ཚོའི་དོ་དམ་གྱི་ཆུ་ཚད་དང་གསར་བསྐྲུན་གྱི་ནུས་པ་མཐོར་འདེགས་སུ་གཏོང་བ་དེ་ཡིན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།