མདོ་ཁམས་རྡུང་ལེན་འགྲན་བསྡུར་གྱི་མཚོ་ནུབ་དང་མཚོ་བྱང་འགྲན་ཁུལ་ནས་རྡུང་ལེན་པ12བདམས་ཐོན་བྱུང་།
མདོ་ཁམས་རྡུང་ལེན་འགྲན་བསྡུར་གྱི་མཚོ་ནུབ་དང་མཚོ་བྱང་འགྲན་ཁུལ་ནས་རྡུང་ལེན་པ12བདམས་ཐོན་བྱུང་།
ཉེ་ལམ། མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་ལྔ་བའི་མཚོ་ནུབ་དང་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་དེ་མཚོ་ནུབ་ཁུལ་གྱི་གཏེར་ལེན་ཁ་གྲོང་ཁྱེར་ནས་སྤེལ་བ་རེད།
ཐེངས་འདིའི་རྡུང་ལེན་འགྲན་བསྡུར་ལ་དྲང་བོ་དྲང་བཞག་གིས་དཔྱད་འདེམ་བྱས་པར་བརྒྱུད་འགྲན་ཞུགས་རྡུང་ལེན་དག་ལས་མཚོ་ནུབ་ས་ཁུལ་གྱི་རྡུང་ལེན་པ8བདམས་ཐོན་བྱུང་བ་སྟེ། རྡུང་ལེན་པ་ཆོས་སྐྱིད་དང་། གཡུ་སྒྲོན་འཚོ། གཡང་འབུམ་ཚེ་རིང་། ཚེ་དཔལ་སྐྱབས། ཀུན་བཟང་རྡོ་རྗེ། བན་ཏེ་རྒྱལ། ལྷ་བྷེ། རྡོ་རྗེ་རྣམ་རྒྱལ་བཅས་དང་། མཚོ་བྱང་ས་ཁུལ་གྱི་རྡུང་ལེན་པ4བདམས་ཐོན་བྱུང་བ་སྟེ། རྡུང་ལེན་པ་འཕགས་མོ་སྒྲོལ་མ་དང་། སྟག་འགྱུར། ཟོན་ཐར་འབུམ། ཀླུ་དབང་རྒྱལ་བཅས་ཡིན་ལ། རྡུང་ལེན་པ་འདི་དག་སྤྱི་ཟླ10བའི་ཚེས22ཉིན་གནའ་མཁར་ཟི་ལིང་ནས་སྤེལ་རྩིས་ཡོད་པའི་མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་སྡུར་སྐབས་ལྔ་བའི་བསྐྱར་འགྲན་དང་རྟིང་རྩོད་འགྲན་བསྡུར་ལ་ཞུགས་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com