མགོ་ལོག་ཁུལ་གྱི་དམངས་སྤྱོད་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་འགོ་ཚུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-09-26 09:53:00 ཀློག་གྲངས།:
  རྒྱུས་ལོན་པ་ལྟར་ན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་གྱི་ཉེ་འཁོར་དུ་མགོ་ལོག་ཁུལ་དམངས་སྤྱོད་གནམ་གྲུ་ཐང་བསྐྲུན་རྒྱུ་ཡིན་ཞིང་། འཆར་གཞི་ལྟར་ན་གནམ་གྲུ་ཐང་དེ2020ལོར་ལེགས་འགྲུབ་འབྱུང་ངེས་ལ། དེར་འགྲུལ་པ་མི་ཐེངས་ཁྲི8ཤོང་ཐུབ་པ་རེད། 2014ལོར་རྒྱུག་ལམ་དང་གནམ་གྲུ་འབབ་ཚིགས་ཀྱི་ཐོག་ཁང་སོགས་ལས་གྲྭའི་གྲུབ་ཆ་གཙོ་བོ་དག་བསྐྲུན་ཚར་རྒྱུ་ཡིན་པ་དང་། 2015ལོར་འཕུར་བསྐྱོད་ས་ཁུལ་གྱི་ཞོར་གཏོགས་ལས་གྲྭ་དང་སྒྲིག་ཆས་ཉོ་བསྒྲུབ། ལྷུ་སྒྲིག་སོགས་ལེགས་འགྲུབ་འབྱུང་བ། 2016ལོར་མ་ལག་གི་ཚོད་ལྟ་དང་ཚོད་ལྟའི་འཕུར་སྐྱོད་བྱེད་པ། 2016ལོའི་ཟླ8པར་ཁྱོན་ཡོངས་སུ་འཛུགས་སྐྲུན་བྱས་ཚར་ནས་དངོས་སུ་བཀོལ་སྤྱོད་གཏོང་རྒྱུ་རེད།
  མགོ་ལོག་ཁུལ་དམངས་སྤྱོད་གནམ་གྲུ་ཐང་གི་འཛུགས་སྐྲུན་གྱིས་ནུབ་བྱང་ས་ཁུལ་གྱི་མཁའ་འགྲུལ་དྲ་རྒྱ་དང་མི་རིགས་རིག་གནས་ཀྱི་འབྲེལ་འདྲིས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་དང་འཛུགས་སྐྲུན། མགོ་ལོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་སྤེལ་སོགས་ལ་ནུས་པ་ཆེན་པོ་ཐོན་ཐུབ་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།