མཛའ་གཞས་ཕ་སའི་བོད་གླུ་རྟིང་རྩོད་འགྲན་བསྡུར་མཇུག་སྒྲིལ་བ།
ཟླ་བ9པའི་ཚེས26ཉིན། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་སོགས་ཀྱིས་འགན་སྒྲུབ་གནང་བའི་“མཛའ་གཞས་ཕ་སའི་བོད་གླུ་འགྲན་བསྡུར”ཞེས་པའི་རྟིང་རྩོད་འགྲན་བསྡུར་དེ་དར་རྩེ་མདོ་རུ་སྤེལ།
ཐེངས་འདིའི་འགྲན་བསྡུར་དུ་བོད་ཀྱི་མིང་གྲགས་དབྱངས་རྩོམ་མཁན་སྨོན་ལམ་རྡོ་རྗེ་དང་། བོད་ཀྱི་གླུ་མ་གྲགས་ཅན་འགོ་བ་རྒྱལ་མོ་སྐྱིད། ལྷོ་ནུབ་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་གླིང་གཙོ་མུའུ་ལན། སི་ཁྲོན་རོལ་དབྱངས་སློབ་གླིང་གྲངས་ཉུང་མི་རིགས་རོལ་མོའི་དགེ་རྒན། རབ་འབྱམས་པའི་ཁྲིད་སྟོན་དགེ་རྒན་ཚེ་རིང་ཡིད་འཕྲོག ཀྲུང་གོ་རོལ་དབྱངས་སློབ་གླིང་གི་རོལ་མོ་དགེ་རྒན་ལེ་ཁི་ཕིན་བཅས་དཔྱད་འདེམ་པར་གདན་དྲངས་ཏེ་རྟིང་རྩོད་འགྲན་བསྡུར་དུ་དཔྱད་འདེམ་གནང་བ་རེད།
གླུ་བ་གླུ་མ་དག་ཛ་དྲག་གི་འགྲན་བསྡུར་བརྒྱུད། ཕུལ་བྱུང་གླུ་བ་གླུ་མ10ཡིས་སོ་སོའི་སྒྱུ་རྩལ་གྱི་ནུས་པ་འདོན་སྤེལ་གང་ལེགས་སྒོས་འགྲན་བསྡུར་ལས་གཡུར་དུ་ཟ་བའི་འབྲས་བུ་བླངས་ཤིང་། འདབ་པ་རྫོང་གི་དབྱང་ཐན་རོང་ལ་བྱ་དགའ་ཨང་དང་པོ་དང་། ལྕགས་ཟམ་རྫོང་གི་སྐལ་བཟང་ཟླ་བ་དང་རྟའུ་རྫོང་གི་བཞག་བྲ་ཚན་སྡེབ་ལ་བྱ་དགའ་ཨང་གཉིས་པ། རོང་བྲག་རྫོང་གི་དགེ་གཤིས་ཚེ་རྣམ་དང་ལྕགས་ཟམ་རྫོང་གི་ཁྲང་ཞུ་ལི། གསེར་ཐར་རྫོང་གི་བཀྲ་ཤིས་རྒྱལ་མཚན་བཅས་ལ་བྱ་དགའ་ཨང་གསུམ་པ་བཅས་ཐོབ་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com