མཚོ་སྔོན་གྱི་བོད་རིགས་ལུས་རྩལ་པ་ཀླུ་མོ་མཚོས་འཛམ་གླིང་གི་ཟིན་ཐོ་གསར་བ་བསྐྲུན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོའི་དྲ་བ། དུས་ཚོད།:2019-03-13 10:02:00 ཀློག་གྲངས།:


ཀླུ་མོ་མཚོ།

     སྤྱི་ཟླ3པའི་ཚེས9ཉིན་གྱི་སྔ་དྲོར། ཨན་ཧུའེ་ཞིང་ཆེན་ཧང་ཧྲན(安徽黄山)ནས་བསྡུས་པའི2019ལོའི་རྒྱལ་ཡོངས་འདུར་རྒྱུག་འགྲན་བསྡུར་ཆེན་མོ་དང་འཛམ་གླིང་ལུས་རྩལ་འགྲན་བསྡུར་གྱི་སྤྱི་ལེ50ཡི་འདེམས་སྒྲུག་འགྲན་བསྡུར—བུད་མེད་དར་མའི་ཚན་ཆུང་གི་སྤྱི་ལེ50ཡི་འདུར་རྒྱུག་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་མཚོ་སྔོན་གྱི་ལུས་རྩལ་པ་ཀླུ་མོ་མཚོས་ཆུ་ཚོད4དང་སྐར་མ3སྐར་ཆ51གིས་འགྲན་བསྡུར་དེའི་འཛམ་གླིང་གི་ཟིན་ཐོ་གསར་བ་བསྐྲུན།
     ཐེངས་འདིའི་འགྲན་བསྡུར་སྟེང་རྒྱལ་ཡོངས་ས་གནས་ཁག་གི་འཐུས་མིའི་རུ་ཁག25དང་མི་གྲངས727ལྷག་ཞུགས་ཡོད། དེའི་ཁྲོད་དུ་འདུར་རྒྱུག་ལུས་རྩལ་པ་གྲགས་ཅན་ལིའུ་ཧུང་དང་ཆོས་དབྱངས་སྐྱིད། ལུའི་ཤིའུ་ཀྲི་སོགས་ཞུགས་ཡོད། མཐར་འདུར་རྒྱུག་འདེམས་སྒྲུག་འགྲན་བསྡུར་བུད་མེད་དར་མའི་ཚན་ཆུང་གི་སྤྱི་ལེ50ཡི་འདུར་རྒྱུག་འགྲན་བསྡུར་གྱི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ཁྲོད་བསྡོམས་པས་མི14བདམས་ཐོན་བྱུང་པ་རེད། མཚོ་སྔོན་གྱི་ལུས་རྩལ་པ་ཀླུ་མོ་མཚོས་ཆུ་ཚོད4དང་སྐར་མ3སྐར་ཆ51གིས་འགྲན་བསྡུར་དེའི་འཛམ་གླིང་གི་ཟིན་ཐོ་གསར་བ་བསྐྲུན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།