2013ལོའི་ཀྲུང་གོའི་མི་རིགས་ཁག་གི《གེ་སར》ཞིབ་འཇུག་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-09 11:41:00 ཀློག་གྲངས།:

2013ལོའི་ཀྲུང་གོའི་མི་རིགས་ཁག་གི《གེ་སར》ཞིབ་འཇུག་གྲོས་ཚོགས་བསྡུས་པ།
2013ལོའི་ཀྲུང་གོའི་མི་རིགས་ཁག་གི《གེ་སར》ཞིབ་འཇུག་གྲོས་ཚོགས་བསྡུས་པ།

        ཉེ་སྔོན། 2013ལོའི་ཀྲུང་གོའི་མི་རིགས་ཁག་གི《གེ་སར》ཞིབ་འཇུག་གྲོས་ཚོགས་བསྡུས་ལན་གྲུ་རུ་བསྡུས་ཤིང་། 《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་དང་ནུབ་བྱང་མི་རིགས་སློབ་ཆེན་གྱིས་གཙོ་སྒྲུབ་དང་། ནུབ་བྱང་མི་རིགས་སློབ་ཆེན་སྤྱི་ཚོགས་ཚན་ཞིབ་ཁང་དང་གེ་སར་ཞིབ་འཇུག་ཁང་གིས་འགན་སྒྲུབ་གནང་ལ། རྒྱལ་ཡོངས《གེ་སར》རིག་པའི་ཆེད་མཁས་པ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་མི་སྣ། སློབ་གཙོ་གཞོན་པ། སྤྱི་ཚོགས་ཚན་ཞིབ་ཁང་། གེ་སར་ཞིབ་འཇུག་ཁང་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་རྣམས་མཛད་སྒོར་ཞུགས།
        གྲོས་ཚོགས་སུ་སློབ་གཙོ་གཞོན་པ་ཧི་ཧྭ་ཡིས་གསུང་རྒྱུར། ཐེངས་འདིའི་གྲོས་ཚོགས་བསྡུས་པ་ནི་གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་ལོ་རྒྱུས་སྟེང་གི་རྒྱས་འཛོམས་གཞན་ཞིག་ཡིན་ཞིང་། རང་རྒྱལ་གྱིས《གེ་སར》ལོ་རྒྱུས་སྙན་རྩོམ་རིང་མོའི་འཚོལ་སྡུད་དང་ལེགས་སྒྲིག པར་བསྐྲུན་སོགས་ཀྱི་ཐད་ནས་བྱ་བ་གང་མང་སྒྲུབ་ཡོད་པ་དང་། ཞིབ་འཇུག་གི་གྲུབ་འབྲས་ཀྱང་མངོན་གསལ་ཡིན། ཐེངས་འདིའི་གྲོས་ཚོགས་སུ་རྒྱལ་ཡོངས་ས་ཁུལ་སོ་སོའི《གེ་སར》ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་རྣམས་ལྷན་དུ་འཛོིམས་ཏེ་གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་དང་འཕེལ་རྒྱས་སོགས་བགྲོ་གླེང་མཛད་པར། གེ་སར་རིག་པའི་རིག་ཚན་འཛུགས་སྐྲུན་ཐད་ཡར་སྐུད་ཀྱི་ནུས་པ་དང་དགེ་མཚན་མཆོག་ཏུ་ལྡན། གེ་སར་རིག་པའི་བྱ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་རེ་སྨོན་ཞུ།
        རྒྱལ་ཡོངས《གེ་སར》བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་འགོ་གཙོ་ནོར་བུ་དབང་ལྡན་གྱིས་གཏམ་བཤད་གནང་སྟེ། ནུབ་བྱང་མི་རིགས་སློབ་ཆེན་གྱིས་གེ་སར་རིག་པའི་རིག་ཚན་ཞིབ་འཇུག་ཁྲོད་ཀྱི་མཛད་རྗེས་དང་གྲུབ་འབྲས་ཐད་ཡོངས་སུ་ཁས་ལེན་བྱས།
        ཐེངས་འདིའི་གྲོས་ཚོགས་ནི་གེ་སར་རིག་པའི་རིག་ཚན་གཞུང་ལུགས་དང་བྱེད་ཐབས། 《གེ་སར》དང་གྲངས་ཉུང་མི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་སོགས་ཀྱི་བགྲོ་གླེང་གནང་བ་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གྲངས་ཉུང་མི་རིགས་རྩོམ་རིག་ཁང་གི་ཞིབ་འཇུག་པ་འཇམ་དཔལ་རྒྱ་མཚོ་དང་། སྔར་མཚོ་སྔོན《གེ་སར》ཞིབ་འཇུག་ཁང་གི་འགོ་གཙོ་གཅོད་པ་དོན་གྲུབ། བོད་ལྗོངས་སྤྱི་ཚོགས་ཚན་རིག་གླིང་མི་རིགས་ཞིབ་འཇུག་ཁང་གི་འགོ་གཙོ་ཚེ་རིང་ཕུན་ཚོགས་སོགས་ཆེད་མཁས་པ་རྣམས་ཀྱིས་བརྗོད་དོན་ལ་གཞིག་ནས་གཏམ་བཤད་གནང་སྟེ། གེ་སར་རིག་པའི་རིག་ཚན་གྱི་ཞིབ་འཇུག་བྱེད་ཐབས་དང་། 《གེ་སར》དང་གྲངས་ཉུང་མི་རིགས་གཞན་དག་གི་ལོ་རྒྱུས་སྙན་རྩོམ་གྱི་སྔོག་འདོན་དང་སྲུང་སྐྱོབ། རྒྱུན་འཛིན་སོགས་ཀྱི་ཐད་ནས་ཚོགས་ཞུགས་ཆེད་མཁས་པ་དང་ཤེས་ཡོན་པ་རྣམས་དང་འབྲེལ་འདྲིས་བྱས།
        དེའི་སྐབས་སུ། གེ་སར་སྒྲུང་བས་སྒྲུང་བཤད་སོགས་ཀྱི་བྱ་འགུལ་ཡང་སྤེལ་ཞིང་། མཚོ་སྔོན་དང་། བོད་ལྗོངས། ནང་སོག ཞིན་ཅང་སོགས་ས་ཁུལ་ནས་ཡོང་བའི《གེ་སར》དང《མཱ་ནཱ་སི》སྒྲུང་བ། ཆེད་མཁས་པ་རྣམས་ཀྱིས་ཡུལ་དངོས་འཁྲབ་སྟོན་དང་ཞིབ་འགྲེལ་གནང་བ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།