ཟློས་གར《ཆོས་རྒྱལ་ནོར་བཟང》བསྒྲིགས་ཚར་ནས་མི་འགྱངས་པར་འཁྲབ་སྦྱོང་བྱ་རྒྱུ་རེད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-12 12:28:00 ཀློག་གྲངས།:

  ཟླ10པའི་ཚེས11ཉིན། བོད་ལྗོངས་ཟློས་གར་སྒྱུ་རྩལ་ལྟེ་གནས་སུ《ཆོས་རྒྱལ་ནོར་བཟང》འཁྲབ་སྦྱོང་གི་འགོ་རྩོམ་མཛད་སྒོ་བསྡུས་ཤིང་། ཟླ10པའི་ཚེས14ཉིན་དངོས་སུ་འཁྲབ་སྦྱོང་བྱ་རྒྱུ་ཡིན་ལ། འཁྲབ་སྟོན་པ་གཙོ་བོ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་འཁྲབ་སྟོན་པ་དང་བོད་ལྗོངས་ཟློས་གར་ཚོགས་པའི་ཚོགས་གཙོ་གཞོན་པ་དཔལ་ལྡན་དབང་ཕྱུག་ལགས་ཡིན་པ་རེད། 

  རིག་གནས་ཤུལ་བཞག་སྔོག་འདོན་དང་ལེགས་སྒྲིག གསར་གཏོད་ཀྱི་ཤུགས་ཚད་མུ་མཐུད་དུ་ཆེ་རུ་བསྐྱེད་ནས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་ས་ཁུལ་འཛུགས་སྐྲུན་བྱ་ཆེད། བོད་ལྗོངས་རིག་གནས་ཐིན་གྱིས་བོད་ཀྱི་ཟློས་གར་ཆེན་མོ་བརྒྱད་ལེགས་སྒྲིག་བྱེད་པའི་ལས་གཞི་འགོ་བརྩམས་ཤིང་། ཐེངས་དང་པོར་ལེགས་སྒྲིག་བྱས་པའི་ཟློས་གར《པདྨ་འོད་འབར》དེ་ཟླ6པའི་ཚེས8ཉིན་དངོས་སུ་འཁྲབ་སྟོན་བྱས་ནས་སྤྱི་ཚོགས་ཀྱི་གདེང་འཇོག་མཐོན་པོ་ཐོབ།  ཟློས་གར་ཁག་གཉིས་པ《ཆོས་རྒྱལ་ནོར་བཟང》དེ་མིག་སྔར་ལེགས་སྒྲིག་བྱས་ཚར་ལ། ཟླ10པའི་ཚེས14ཉིན་ནས་དངོས་སུ་འཁྲབ་སྦྱོང་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་པ་ལྟར་ན་སང་ལོའི་ཟླ3པ་ཡས་མས་སུ་ཐོག་མའི་འཁྲབ་སྟོན་བྱ་རྒྱུ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།