མཚོ་སྔོན་ཞིང་ཆེན《གེ་སར》རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
མཚོ་སྔོན་ཞིང་ཆེན《གེ་སར》རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།
ཟླ10བའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན《གེ་སར》སློབ་ཚོགས་ཀྱི་ལོ་ཚོགས་དང་རིག་གཞུང་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། སྔར་མཚོ་སྔོན་ཞིང་ཆེན་དམག་ཁུལ་གྱི་ཟི་ལིན་ཡོན་གཞོན་པ་ཡུས་མགོན་པོ་དང་། སྔར་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ ལི་ཆིན། མགོ་ལོག་ཁུལ་དམངས་ཆེན་གྱི་འགོ་གཙོ་གཞོན་པ་ནོར་བདེ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པ་བཀྲ་བྷོ། མཚོ་སྔོན་ཞིང་ཆེན《གེ་སར》ཞིབ་འཇུག་ཁང་གི་འགོ་གཙོ། མཚོ་སྔོན་ཞིང་ཆེན《གེ་སར》སློབ་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་གྲུབ་སོགས་འབྲེལ་ཡོད་འགོ་ཁྲིད་དང་ཆེད་མཁས་པ། སྒྲུང་བ། སྨྱན་བྱད་གསར་འགོད་པ་སོགས་སྡོམ་པས་མི100ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
མཚོ་སྔོན་ཞིང་ཆེན《གེ་སར》སློབ་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་གྲུབ་ཀྱིས་གྲོས་ཚོགས་ལ་མདོ་འཛིན་མཛད་པ།
མཚོ་སྔོན་ཞིང་ཆེན《གེ་སར》སློབ་ཚོགས་ཀྱི་ཚོགས་གཙོ་གཅོད་པ་དོན་གྲུབ་ཀྱིས་གསུང་ རྒྱུར། ཉེ་བའི་ལོ་གཉིས་ཀྱི་ནང་། ཞིང་ཆེན་ཡོངས་སུ《གེ་སར》སློབ་ཚོགས་ཚོགས་མི་ཡོངས་ཀྱི་འབད་བརྩོན་འོག ངེད་ཚོགས་པས《གེ་སར》བྱ་བ་ཐོག་མཐའ་བར་གསུམ་དུ་ཏང་གི་སྲིད་ཇུས་རྒྱུན་འཁྱོངས་དང་། 《གེ་སར》ཞིབ་འཇུག་བྱ་བའི་དངོས་ཡོད་དང་དམ་ཟུང་སྒོས་རང་སྟེང་གི་ནུས་པ་འདོན་སྤེལ་དང་། ཞིང་ཆེན་ཡོངས་ཀྱི《གེ་སར》བྱ་སྒྲུབ་པ་དང་དགའ་མོས་པ་རྣམས་ཀྱི་སྣེ་ཁྲིད་དེ་མུ་མཐུད་དུ་བྱ་བའི་ལམ་ཕྱོགས་ལེགས་སྒྲིག་དང་ལེགས་བཅོས་བྱས་ཤིང་། གསར་གཏོད་རང་བཞིན་གྱིས་བྱ་བའི་འོས་འགན་སོ་སོ་སྤེལ་བར་བརྒྱུད་མཚོ་སྔོན་ཞིང་ཆེན་གྱི《གེ་སར》བྱ་བར་གྲུབ་འབྲས་ངེས་ཅན་ཞིག་བླངས།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་བོད་རིག་པའི་ཆེད་
མཁས་པ་ཆབ་འགག་རྟ་མགྲིན་གྱིས་གསུང་བཤད་གནང་བ།
མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོའམ་བོད་རིག་པའི་ཆེད་མཁས་པ་ཆབ་འགག་རྟ་མགྲིན་དང་། མགོ་ལོག་ཁུལ་དམངས་ཀྱི་ཆེན་ཀྲུའུ་རིན་གཞོན་པའམ《གེ་སར》ཆེད་མཁས་པ་ནོར་བདེ། ཡུལ་ཤུལ《གེ་སར》ཆེད་མཁས་པ་ནོར་བུ་དགྲ་འདུལ་བཅས་ཆེད་མཁས་པ་གསུམ་གྱིས་ལོ་རྒྱུས་སྙན་རྩོམ་གྱི་གཞུང་ལུགས་དང་། ལག་ལེན་ཉམས་མྱོང་། ཞིབ་འཇུག་གྲུབ་འབྲས་སོགས་ཀྱི་ཐད་ནས་སོ་སོས་གཏམ་བཤད་གནང་ཞིང་། གེ་སར་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ། 《གེ་སར》ཞིབ་འཇུག་གི་ཁ་ཕྱོགས་དང་བྱེད་ཐབས་སོགས་ཀྱི་ཐད་ལ་རིན་ཐང་ཆེ་བའི་ལྟ་ཚུལ་དང་བསམ་ཚུལ་བརྗོད་པ་རེད།
མགོ་ལོག་ཁུལ་དམངས་ཀྱི་ཆེན་ཀྲུའུ་རིན་གཞོན་པའམ《གེ་སར》ཆེད་མཁས་པ་ནོར་བདེ།
བགྲོ་གླེང་ཚོགས་འདུའི་སྐབས་སུ། མགོ་ལོག་ས་ཁུལ་གྱི་སྒྲུང་བ་རྡོ་རྗེ་བཟང་པོ་དང་། མཚོ་ལྷོ་མང་རྫོང་ས་ཁུལ་གྱི་སྒྲུང་བ་ཡེ་ཤེས་རྒྱ་མཚོ། མཚོ་སྔོན་པོ་ས་ཁུལ་གྱི་སྒྲུང་བ་འཇམ་དབྱངས་རྒྱལ། དཀོན་ལོ། དབང་ཕྱུག་ཚེ་རིང་སོགས་ཀྱིས་ཡུལ་དངོས་སུ་འཁྲབ་སྟོན་བྱས་ཏེ། ཕྱོགས་ཡོངས་དང་གསོན་ཉམས་ལྡན་པའི་སྒོ་ནས《གེ་སར》སྒྲུང་བའི་སྒྱུ་རྩལ་གྱི་ཉམས་འགྱུར་དང་མཛེས་ཉམས་མངོན་ལ། ཚོགས་ཞུགས་མི་སྣ་དག་གི་དགའ་བསུ་ཐོབ་པ་རེད།
སྒྲུང་བ་རྣམས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com