《བདེ་སྐྱིད་མེ་ཏོག》ལ་འཇར་མན་ཁི་ལོན་གློག་བརྙན་དུས་ཆེན་སྟེང་ཀྲུང་གོའི་གློག་བརྙན་ལེགས་པོའི་བྱ་དགའ་ཐོབ།
གློག་བརྙན《བདེ་སྐྱིད་མེ་ཏོག》
ཉེ་ཆར། འཁྲབ་ཁྲིད་པ་ཝང་ཡེས་འཁྲབ་ཁྲིད་བྱས་ཤིང་གཡང་ཕྱུག་མཚོ་དང་བློ་བཟང་སྙན་གྲགས་གཉིས་ཀྱིས་འཁྲབ་སྟོན་བྱས་པའི་གློག་བརྙན《བདེ་སྐྱིད་མེ་ཏོག》ཅེས་པར་འཇར་མན་གྱི་ཁི་ལོན་གློག་བརྙན་དུས་ཆེན་སྟེང་ཀྲུང་གོའི་གློག་བརྙན་ཆེས་བཟང་བོའི་བྱ་དགའ་ཐོབ་པ་རེད།
གློག་བརྙན་འདིའི་ནང་གླ་གཏོང་རླངས་འཁོར་ཁ་ལོ་བ་བདེ་སྐྱིད་མེ་ཏོག་གིས་རླངས་འཁོར་གཏོང་དུས་ཐུགས་མཉམ་མ་བཞག་པར་རླངས་འཁོར་དོན་རྐྱེན་བྱུང་སྟེ་གྲོགས་མོ་དགའ་དགའ་ཞེས་པར་རྨས་སྐྱོན་བཟོས་ནས་མཐར་ཁོ་མོ་ཚེ་ལས་འདས་པ་དང་། དུས་དེ་ནས་བཟུང་བདེ་སྐྱིད་མེ་ཏོག་གི་སེམས་སུ་སྡུག་བསྔལ་ཚད་མེད་སྐྱེས་ཤིང་གཉེན་ཉེ་དང་གྲོགས་པོའི་ཁ་ཏ་ལ་མ་ཉན་པར་རང་ཉིད་ཀྱིས་རང་ཉིད་ཁྲིམས་ལ་སྦྱོར་བའི་གཏམ་རྒྱུད་བརྗོད་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com