གླུ་མ་འཛམ་ལྷའི་གླུ་གཞས་ཆེད་བསྒྲིགས་ཐོག་མ《བྱུར་དམར་གྱི་འཛུམ་མདངས》འགྲེམ་སྤེལ་བྱས།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-10-16 10:22:00 ཀློག་གྲངས།:

        ཉེ་ལམ། བོད་རིགས་གླུ་བ་གཡུ་སྒང་འཛམ་ལྷའི་ཕ་སྐད་གླུ་གཞས་ཆེད་བསྒྲིགས་ཐོག་མ《བྱུར་དམར་གྱི་འཛུམ་མདངས》ཞེས་པ་དངོས་སུ་འགྲེམ་སྤེལ་བྱས་ཤིང་། འདི་ནི་གངས་བཞུགས་གློག་བརྙན་འཕྲིན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་ཟི་དང་།  མཚོ་སྔོན་ཙན་དན་ལོ་མ་མི་རིགས་རིག་གནས་སྒྱུ་རྩལ་བརྒྱུད་སྤེལ་ཚད་ཡོད་ཀུང་ཟི། མཚོ་སྔོན་ཇོ་མོ་གླང་མ་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་ཀུང་ཟི། ཨ་མདོ་བོད་རིགས་གློག་བརྙན་འཕྲིན་རིག་གནས་སྨྱན་སྤེལ་སྒྱུ་རྩལ་ལྟེ་གནས་བཅས་མཉམ་འབྲེལ་སྒོས་སྒྲིག་བཟོ་བྱས་པ་ཡིན།
       ཆེད་བསྒྲིགས་འདིའི་ནང《རེ་ཞུ》ཞེས་པ་དང་། 《མི་ཚེའི་གདམ་ཀ་ནོར་སོང》། 《ཇོ་མོ་གླང་མ》། 《ལས་བསོད་ནམས་འགྲུབ་པའི་སྨོན་ལན་འདེབས》། 《ཕ་ཡུལ་གངས་ལྗོངས》། 《སྐྱོ་གཞས》། 《ཁ་བཏགས་དཀར་པོའི་སྐྱོ་གླུ》། 《དྲིན་ལན》། 《བཟའ་མགོ་ལུས་འཛོམས་པའི་སྐྱིད་ལ་འདུས》། 《བསོད་ནམས་ཡག་པོ》སོགས་གླུ་གཞས་འདུས།
       བོད་རིགས་གླུ་མ་འཛམ་ལྷ་ནི་ཉེ་བའི་ལོ་འགའི་རིང་གསར་དུ་བྱུང་བའི་གཞོན་སྐྱེས་གླུ་མ་ཞིག་ཡིན་ལ། དམངས་གླུ་དང་རྡུང་ལེན་ལེན་པར་ཤིན་ཏུ་དད་ཅིང་། 2003ལོར་ཧི་མ་ལ་ཡ་དམངས་གླུ་འགྲན་བསྡུར་དུ་ཞུགས་ཏེ་ཕུལ་བྱུང་བྱ་དགའ་བླངས་པ་དང་། འོད་སྣང་རྡུང་ལེན་འགྲན་བསྡུར་སྐབས་དང་པོ་རུ་བྱ་དགའ་ཨང་གཉིས་པ་ཐོབ། 2004ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་སོག་རིགས་རང་སྐྱོང་རྫོང་རྫོང་སྟོན་གྱི་རྡུང་ལེན་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་སོགས་གཟེངས་སུ་ཐོན་པའི་གྲུབ་འབྲས་མི་དམན་པ་བླངས་མྱོང་།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།