ངོས་དང་པོ > སྐབས་དོན། > སྣ་ཚོགས། > མཚོ་སྔོན་གྱི་འགུལ་བརྙན་བརྩམས་ཆོས་བཞིར་ཀྲུང་གོའི་ནུབ་རྒྱུད་གློག་བརྙན་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའ་ཐོབ།
མཚོ་སྔོན་གྱི་འགུལ་བརྙན་བརྩམས་ཆོས་བཞིར་ཀྲུང་གོའི་ནུབ་རྒྱུད་གློག་བརྙན་སྒྱུ་རྩལ་དུས་ཆེན་གྱི་བྱ་དགའ་ཐོབ།
རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2013-10-18 10:07:00
ཀློག་གྲངས།:
ཉེ་སྔོན་སྒྲིལ་ཟིན་པའི་ཀྲུང་གོའི་ནུབ་རྒྱུད་རྒྱལ་སྤྱིའི་གློག་བརྙན་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་སྟེང་། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་འགུལ་བརྙན་དར་སྤེལ་ལྟེ་གནས་ཀྱིས་འདེམ་སྐྱེལ་བྱས་པའི་བརྩམས་ཆོས་བཞི་ལས་བརྩམས་ཆོས་གསུམ་ལ་བྱ་དགའ་ཨང་དང་པོ་དང་། བརྩམས་ཆོས་གཅིག་ལ་བྱ་དགའ་ཨང་གཉིས་པའི་གྲུབ་འབྲས་ལེགས་པོ་བླངས།
ཨ་རིའི་ཧྲིན་ཏེ་ཨ་ཀི་གློག་བརྙན་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་དང་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་གཉིས་མཉམ་འབྲེལ་སྒོས་སྒྲུབ་པའི་ཀྲུང་གོའི་ནུབ་རྒྱུད(རྒྱལ་སྤྱིའི)གློག་བརྙན་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་དང་གློག་བརྙན་མཐོ་རིམ་གླེང་སྟེགས་བཅས་ཉེ་སྔོན་ཀན་སུའུ་ལན་གྲུ་རུ་མཇུག་སྒྲིལ་ཞིང་། རྒྱལ་ཡོངས་ཀྱི་ལས་ཁུངས་དང་མི་སྒེར། གློག་བརྙན་གསར་རྩོམ་སྡེ་ཁག་སོགས་ལས་ཁུངས200ལ་ཉེ་བ་ཙམ་ཐེངས་འདིའི་བྱ་དགའ་གནང་བའི་མཛད་སྒོར་ཞུགས།
འདིའི་ཁྲོད་བདམས་ཐོན་བྱུང་བའི་མཚོ་སྔོན་གྱི་གློག་བརྙན་བརྩམས་ཆོས་བཞི་ནི། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་རིག་འགུལ་བརྙན་དར་སྤེལ་ལྟེ་གནས་ཀྱི་དངོས་བྲིས་གློག་བརྙན《མཚོ་སྔོན་པོ། ངང་མཚོ》དང《བོད་རིགས་བུ་མོའི་སྐྲ་ཕབ་པ》། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་རིག་འགུལ་བརྙན་དར་སྤེལ་ལྟེ་གནས་ཀྱི་ཁོངས་སུ་གཏོགས་པའི་ལས་ཁུངས་ཏེ་དགའ་བསྐྱེད་འགུལ་བརྙན་ཀུང་ཟིའི་ལེའུ5ཅན་གྱི་མུ་འབྲེལ་འགུལ་བརྙན《དྲི་མེད་ཀུན་ལྡན་འཚོལ་བ》བཅས་ལ་བྱ་དགའ་ཨང་དང་པོ་ཐོབ་ཅིང་། དངོས་བྲིས་གློག་བརྙན《མཚོ་སྔོན་བོད་བརྒྱུད་ནང་བསྟན་གྱི་འཛུགས་སྐྲུན་དང་སྒྱུ་རྩལ》ཞེས་པར་བྱ་དགའ་ཨང་གཉིས་པ་ཐོབ། ནུབ་རྒྱུད་ཀྱི་ཞིང་ཆེན་དང་ལྗོངས་ལྔའི་ཁྲོད། མཚོ་སྔོན་མི་རིགས་སྐད་རིག་འགུལ་བརྙན་དར་སྤེལ་ལྟེ་གནས་ནི་བྱ་དགའ་འདི་ཐོབ་པའི་ལས་ཁུངས་ཉག་ཅིག་ཡིན་པ་མ་ཟད། ཐེངས་འདིའི་གློག་བརྙན་དུས་ཆེན་གྱི་བྱ་དགའ་ཐོབ་པ་ཆེས་མང་བའི་ལས་ཁུངས་ཀྱང་ཡིན།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།