བོད་རིགས་གླུ་མ་བཟང་མོའི་མི་སྒེར་གླུ་གཞས་བརྩམས་ཆོས་ཆེད་ཚོགས་བསྡུས་པ།
བོད་རིགས་གླུ་མ་བཟང་མོའི་མི་སྒེར་གླུ་གཞས་བརྩམས་ཆོས་ཆེད་ཚོགས་བསྡུས་པ།
ཟླ10བའི་ཚེས29ཉིན་གྱི་དགོང་མོ། བོད་རིགས་གླུ་མ་བཟང་མོའི་མི་སྒེར་གླུ་གཞས་བརྩམས་ཆོས་ཆེད་ཚོགས《ཕ་ཡུལ་གྱི་བརྩེ་བ། ཨ་མའི་གླུ》ཞེས་པ་ལྷ་ས་རུ་བསྡུས།
འདིའི་ཁྲོད་སྡོམ་པས་ཕ་ཡུལ་གྱི་བརྩེ་བ་དང་། ཨ་མའི་གླུ། ལང་ཚོའི་འགྱུར་ཁུགས། དྲན་འཛིན་གྱི་གླུ་བཅས་ཁག་བཞི་འདུས། མོས་ཆེད་ཚོགས་འདིའི་སྟེང་བླངས་པའི་གླུ་གཞས་དག་ནི་ལོ་ངོ10ལྷག་གླུ་གཞས་ཀྱི་སྣེ་འདི་ལ་འཇུ་སྟེ་བོད་ལྗོངས་ཀྱི་མངའ་རིས་དང་ཆབ་མདོ་ས་ཁུལ་སོགས་སུ་འཚོལ་སྡུད་དང་བཅོས་བསྒྲིགས་བྱས་པའི་དམངས་གླུ་ཡིན་ཞིང་། མ་ཟད་བཟང་མོ་རང་ཉིད་ཀྱིས་ཚིག་དང་དབྱངས་བརྩམས་པའི་གླུ་གཞས་ཀྱང་ཡོད། མོས་བླངས་པའི་གླུ་གཞས《སྙིང་རྗེ་པོ་ལ》ཞེས་པ་དང་། 《གུང་ཐང་ལྷ་མོ》། 《མངའ་རིས་ཆང་གཞས》སོགས་བོད་ལྗོངས་ཀྱི་ཡུལ་གྲུ་སོ་སོར་ཁྱབ་ཡོད་པ་རེད།
མོས་བཤད་རྒྱུར། “ང་རང་ཕ་ཡུལ་མངའ་རིས་ལ་སེམས་པ་ཤིན་ཏུ་འཕྲེང་ཞིང་། དེ་རིང་གི་གྲུབ་འབྲས་འདི་ལྟ་བུ་ཞིག་ཡོད་པ་ནི་ཐོག་མར་ང་རང་འཚར་ལོང་བྱུང་སའི་མངའ་རིས་ཀྱི་ཡུལ་གྲུ་འདི་ལ་རག་ལས་པ་དང་། ངས་བླངས་པའི་གླུ་གཞས་མང་ཆེ་བ་ནི་ཨ་མས་ཁྲིད་པ་ཞིག་ཡིན། ངའི་བུ་མོའི་སེམས་ཀྱི་ཨ་མ་ཡང་རྟག་ཏུ་གླུ་གཞས་ལེན་པར་སྤྲོ་བ་ཞིག་ཏུ་གྱུར་འདུག་པའི་ཁར། ཆེད་ཚོགས་འདིའི་བརྗོད་བྱའང་ཕ་ཡུལ་གྱི་བརྩེ་བ་དང་ཨ་མའི་གླུ་ཞེས་པ་དེ་ཡིན”ཟེར།
བཟང་མོ་ནི་བོད་རིགས་སྐྱེས་མེད་གླུ་མ་གྲགས་ཅན་ཞིག་སྟེ་རྒྱལ་ཁབ་རིམ་པ་དང་པོའི་གླུ་མ་ཡིན། 1958ལོར་སྐྱེས་ཤིང་སྔ་གཞུག་ཏུ་ཀྲུང་དབྱང་མི་རིགས་སློབ་ཆེན་སྒྱུ་རྩལ་སློབ་གླིང་དང་། ཧྲང་ཧེ་རོལ་མོའི་སློབ་གླིང་། ཀྲུང་དབྱང་མི་རིགས་སློབ་ཆེན་སྒྲ་དབྱངས་སློབ་གླིང་སོགས་སུ་སྒྲ་དབྱངས་རོལ་མོ་ཐད་ནས་སློབ་སྦྱོང་བྱས་པ་དང་། 1991ལོ་ནས་ད་བར་དུ་བོད་རང་སྐྱོང་ལྗོངས་གླུ་གར་ཚོགས་པ་རུ་བྱ་ལས་གཉེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com