བོད་ལྗོངས་མེ་ཏོག་གཞུང་ལམ་དུ་རླངས་འཁོར་དངོས་སུ་གཏོང་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-03 11:06:00 ཀློག་གྲངས།:

西藏自治区墨脱公路正式通车 全长约117公里
བོད་ལྗོངས་མེ་ཏོག་གཞུང་ལམ་དུ་རླངས་འཁོར་དངོས་སུ་གཏོང་འགོ་བརྩམས་པ།

  ཟླ10པའི་ཚེས31ཉིན། ཉིང་ཁྲི་སྤོ་མེས་རྫོང་ནས་མེ་ཏོག་རྫོང་བར་གྱི་གཞུང་ལམ་དུ་རླངས་འཁོར་དངོས་སུ་གཏོང་འགོ་བརྩམས་ཤིང་། དེས་རང་རྒྱལ་གྱི་ཆེས་མཐའ་མཇུག་གི་རྫོང་སྟེ་མེ་ཏོག་རྫོང་ལ་གཞུང་ལམ་ཤར་གཏོང་བྱས་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་རེད།
  བོད་ལྗོངས་མེ་ཏོག་རྫོང་གི་གཞུང་ལམ་ནི2009ལོའི་ཟླ4པའི་ཚེས20ཉིན་ནས་དངོས་སུ་བསྐྲུན་འགོ་བརྩམས་ལ། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་སྤེ་མེས་རྫོང་དང་མེ་ཏོག་་རྫོང་གཉིས་ཀྱི་ཁོངས་སུ་ཡོད། གཞུང་ལམ་གྱི་རིང་ཚད་ཧྲིལ་བོར་སྤྱི་ལེ117.278ཡོད་ཅིང་། དེའི་ཁྲོད་ དགའ་ལུང་ལའི་ཕུག་ལམ་གྱི་རིང་ཚད་ལ་སྨི3315ཡོད་པ་དེས་སྔོན་མའི་ལམ་ཐག་སྤྱི་ལེ24ཡིས་ཇེ་ཐུང་དུ་བཏང་ཐོག  གཞུང་ལམ་གྱི་གནོད་འཚེ་རིགས་སྣ་ཚོགས་སེལ་བར་བྱས་པ་དང་། རླངས་འཁོར་གཏོང་བའི་དུས་ཚོད་ཀྱང་སྔོན་མའི་ཟླ་གསུམ་དང་བཞི་ནས་ཟླ་བརྒྱད་དང་དགུ་རུ་བཏང་བ་རེད།

 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།