བོད་ལྗོངས་ཀྱི་སེར་སྐྱ་མང་ཚོགས་རྣམས་དཀར་རག་བྱུག་པའི་ལས་ལ་བྲེལ་བཞིན་པ།
དཀར་རག་བཟོ་བཞིན་པ།
བོད་ལྗོངས་ཀྱི་སེར་སྐྱ་མང་ཚོགས་དཀར་རག་བྱུག་པའི་ལས་ལ་བྲེལ་བཞིན་པ།
བོད་ལུགས་ལྟར་ན་ལོ་རེའི་ཟླ9པར་བསླེབ་ཚེ་བོད་ལྗོངས་ཀྱི་ཆོས་སྡེ་སོ་སོ་དང་མང་ཚོགས་ཀྱི་སྡོད་ཁང་སྟེང་དུ་དཀར་རག་བྱུག་པའི་འགོ་བརྩམས་ཤིང་། དེ་ནི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གྱི་དུས་ཆེན་སྟེ་ལྷ་བབ་དུས་ཆེན་ལ་བསུ་བའི་རིམ་པ་གལ་ཆེན་ཞིག་ཡིན་པ་རེད།
བོད་ཀྱི་སྲོལ་ལུགས་ལ་གྱང་ལྡེབས་སུ་བྱུག་པའི་དཀར་རག་དེ་མི་རིགས་གཞན་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པར་མ་ཟད། དེའི་གྲུབ་བྱེད་ཀྱི་རྒྱུ་ཡང་གཞན་དང་མི་མཐུན་པ་སྟེ། གཙོ་བོ་རྡོ་ཐལ་དཀར་པོ་དང་འོ་མ། ཀ་ར་དཀར་པོ། གུར་གུམ་སོགས་ལས་གྲུབ་པ་ཡིན་པས། དཀར་རག་ལྡེབས་ངོས་སུ་འབྱར་ཚད་བཟང་བ་དང་། ཁ་དོག་ཡུན་རིང་ལ་མི་འགྱུར་ལ། གུར་གུམ་གྱི་ནུས་པ་ལས་དཀར་རག་དེ་རབ་ཏུ་དཀར་ཞིང་བཀྲག་མདངས་མཚེར་ཐུབ་པ་ཡིན།
དཀར་རག་བཟོ་བཞིན་པ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com