བོད་ལྗོངས་ལྷ་སའི་དགེ་འདུན་ཆོས་འཕེལ་དྲན་གསོ་ཁང་གི་སྒོ་ཕྱེས་པ།
བོད་ལྗོངས་ལྷ་སའི་དགེ་འདུན་ཆོས་འཕེལ་དྲན་གསོ་ཁང་གི་སྒོ་ཕྱེས་པ།
ཟླ11པའི་ཚེས11ཉིན། ལྷ་སའི་གྲོང་ཁུལ་རྙིང་བའི་གཞིས་ར56ཞིག་གསོ་བྱེད་པའི་ལས་གྲྭའི་ཁྲོད་ཀྱི་དགེ་འདུན་ཆོས་འཕེལ་དྲན་གསོ་ཁང་དེ་དངོས་སུ་སྒོ་ཕྱེས་པ་རེད།
དགེ་འདུན་ཆོས་འཕེལ་མཆོག་སྐུ་འཁྲུངས་ནས་ད་ལྟའི་བར་ལོ110འགོར་ཞིང་། ཁོང་གི་ཐུན་མོང་མ་ཡིན་པའི་བསམ་བློ་དང་རིག་གནས་ཐད་བསྐྲུན་པའི་མཛད་རྗེས་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་དུ་གཏོང་ཕྱིར་ཁོང་གི་སྡོད་ཤག་རྙིང་བ་དང་སྐུ་གཤེགས་གནས་ཏེ་བར་སྐོར་གྱི་དགའ་རུ་ཤག་ཏུ་དགེ་འདུན་ཆོས་འཕེལ་གྱི་དྲན་གསོ་ཁང་བསྐྲུན་པ་རེད།
དགེ་འདུན་ཆོས་འཕེལ་དྲན་གསོ་ཁང་དེ་འགྲེམ་ཁུལ4སྟེ། དགེ་འདུན་ཆོས་འཕེལ་ལགས་ཀྱིས་ལོ་ངོ24རིང་ཨ་མདོར་རིག་པའི་གནས་ལ་འཇུག་པའི་སྒོ་མོ་ཐོག་མར་འབྱེད་པའི་ལོ་རྒྱུས་དང་། ལོ་ངོ7རིང་ལྷ་སར་ནང་བའི་བསྟན་པའི་ཉིང་བཅུད་ཉམས་སུ་བླངས་པའི་ལོ་རྒྱུས། ལོ་ངོ12རིང་ཨེ་ཤ་ཡ་ལྷོ་མར་རིག་པའི་གནས་མང་བོར་སྦྱངས་པ་བྱས་པའི་ལོ་རྒྱུས། ཡང་བསྐྱར་ལྷ་སར་ལོག་ནས་འཚོ་བ་རོལ་བའི་ཆེས་མཐའ་མཇུག་གི་ལོ་ཟླ་བཅས་སུ་བགོས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com