འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《གཡང་མདའ》ཕབ་བསྐྲུན་ལེགས་འགྲུབ་བྱུང་།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-14 11:25:00 ཀློག་གྲངས།:


འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་ཟློས་གར་སྐོར་གླེང་བཞིན་པ།


འཁྲབ་སྟོན་ལ་ཞུགས་པའི་ཉི་མ་ཐར་དང་རྩོམ་པ་པོ་རིག་ལྡན་རྒྱ་མཚོ།

       རྒྱལ་ཁབ་རླུང་འཕྲིན་སྤྱི་ཁྱབ་ཅུས་དངོས་སུ་ལས་འཛུགས་དང་གཅན་ཚ་རྗོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མ་དངུལ་བཏང་ཞིང་། པེ་ཅིང་ཧི་མ་ལ་ཡའི་གློག་བརྙན་འཕྲིན་རིག་གནས་བརྒྱུད་སྤྲོད་ཚད་ཡོད་ཀུང་ཟིས་འགན་བཟོ་གནང་བ་དང་། འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱས་པའི《གཡང་མདའ》ཞེས་པའི་གློག་བརྙན་དེ་ཀྲུང་གོའི་མི་རིགས་མདའ་རྩེད་ཀྱི་ཕ་སའམ་བསྟན་པ་ཕྱི་དར་གྱི་འགོ་ཚུགས་པར་འབྲེལ་བའི་གཅན་ཚ་རྫོང་ལོ་རྡོ་རྗེ་བྲག་དང་ཡུལ་གྲུ་སོ་སོར་དུས་ཡུན་ཟླ་གཅིག་རིང་ལ་ཕབ་བསྐྲུན་བྱས་ལ། མཚོ་དྲུག་ཡུལ་ཚོའི་ཀོའུ་བ་དགོན་པའི་ཉེ་འཁོར་དུ་ཆེས་མཇུག་མཐའི་འཁྲབ་ཚན་ཕབ་བསྐྲུན་བྱས་རྗེས། ཟླ11པའི་ཚེས8ཉིན《གཡང་མདའ》ཞེས་པའི་གློག་བརྙན་འདི་གཞི་ནས་ཕབ་བསྐྲུན་ལེགས་ འགྲུབ་བྱུང་།


མདའ་གར་འཁྲབ་པ།

འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གྱི་གློག་བརྙན《གཡང་མདའ》ཕབ་བསྐྲུན་ལེགས་འགྲུབ་བྱུང་།
མདའ་འཕེན་པའི་རྣམ་པ།

       ཕབ་སྐྲུན་བྱེད་པའི་གོ་རིམ་ཁྲོད། སྨྱན་བྱད་ལས་རིགས་ཁག་གིས་པདྨ་ཚེ་བརྟན་གྱི་གློག་བརྙན《གཡང་མདའ》ཞེས་པར་གཟིགས་རྟོགས་ཆེས་ཆེར་གནང་སྟེ་དྲ་རྒྱ་སོགས་སྨྱན་བྱད་ལས་རིགས་ལས་གཞན་ད་དུང་། CCVT6《ཀྲུང་གོའི་གློག་བརྙན་གསར་འགོད》དང་། CCTV8《བརྙན་གཟུགས་ལྷན་སྒྲོག》། པེ་ཅིང་བརྙན་འཕྲིན་ཁང་གི《ཉིན་རེའི་རྩེད་འཇོའི་སྒྲོག་གཏོང》། མཚོ་སྔོན་བརྙན་འཕྲིན་ཁང་སོགས་ཡུལ་དངོས་སུ་སླེབས་ཏེ་གཙོ་འདོན་མི་སྣར་བཅར་འདྲི་བྱས་པ་མ་ཟད་འབྲེལ་ཡོད་གནས་ཚུལ་གསར་འགོད་གནང་།


མདའ་འཕེན་པའི་ཡུལ་དངོས།


ཆེས་མཐའ་མའི་འཁྲབ་ཚན།

       རྒྱུས་ལོན་པ་ལྟར་ན། གློག་བརྙན་འདི་ཕབ་བསྐྲུན་བྱས་ཚར་རྗེས་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་པེ་ཅིང་དུ་བསྐྱོད་དེ་དུས་མཇུག་གི་སྒྲིག་བཟོ་ལ་གཞོལ་རྒྱུ་དང་། ཧ་ལམ2014ལོའི་ཟླ6པར་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་སྔར་ཕུལ་རྒྱུ་རེད།


འཁྲབ་སྟོན་པ་རྣམས་ལྷན་དུ་པར་བླངས་པ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།