ན་གཞོན་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་ཀྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ལང་ཚོའི་འདས་དོན》འགྲེམ་ལ་ཉེ།
གློག་བརྙན《ལང་ཚོའི་འདས་དོན》གྱི་དྲིལ་སྒྲོག་འདྲ་པར།
བོད་ཀྱི་སྙན་ངག་པ་དང་འཁྲབ་ཁྲིད་པ་གྲགས་ཅན་ཞི་བདེ་ཉི་མས་སྒྱུ་རྩལ་བློ་འདོན་བྱས་ཤིང་བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་ལྷ་དཔལ་རྒྱལ་ཀྱིས་འཁྲབ་གཞུང་བརྩམས་ཏེ་འཁྲབ་ཁྲིད་བྱས་པའི་གློག་བརྙན《ལང་ཚོའི་འདས་དོན》ཞེས་པ་མི་འགྱངས་པར་ས་གནས་སོ་སོར་འགྲེམ་སྤེལ་བྱེད་རྒྱུ་རེད།
འཁྲབ་ཁྲིད་པ། ལྷ་དཔལ་རྒྱལ།
གློག་བརྙན་འདི་ནི་ན་གཞོན་འཁྲབ་སྟོན་པ་བསྟན་འཛིན་རྡོ་རྗེ་སོགས་ཀྱིས་གཙོ་འཁྲབ་བྱས་ཡོད་ལ། ན་གཞོན་སློབ་མའི་འཚོ་བ་དངོས་བྲིས་ཀྱི་གཏམ་རྒྱུད་གློག་བརྙན་ཞིག་ཡིན་ཞིང་། དོན་དངོས་རང་བཞིན་ལྡན་པའི་བོད་ཀྱི་སློབ་རའི་སྣང་བརྙན་མཚོན་པའི་གློག་བརྙན་ཐོག་མ་ཡིན་ཞེས་བཤད་ནའང་མི་ཆོག་པ་མེད།
བརྙན་ཕབ་ཚན་ཁག
གློག་བརྙན་འདི་གཙོ་ཕལ་གྱིས་གཞུང་རྟ་གཉིས་སུ་བཀྲམ་ཡོད་དེ། དོན་དངོས་ཀྱིས་སློབ་རའི་འཚོ་བའི་སྣང་བརྙན་ཐེར་འདོན་བྱས་ཡོད་པ་མ་ཟད། གསོན་ཤུགས་ལྡན་པའི་མི་སྣའི་སྣང་བརྙན་བཞེངས་བསྐྲུན་བྱས་པ་བརྒྱུད། རིམ་བཞིན་སེམས་འགུལ་ཐེབས་པའི་བརྩེ་དུང་གི་གཏམ་རྒྱུད་ཞིག་བརྗོད་ཡོད། བསྟན་འཛིན་དང་། ཤེས་རབ། མེ་ཏོག་སྐྱིད་གསུམ་པའི་བར་ཀྱི་བརྩེ་དུང་དང་མཛའ་བརྩེ་འཕེལ་རྒྱས་སུ་ཕྱིན་ཏེ། གློག་བརྙན་འདིས་འགལ་བ་མཐོ་རླབས་ཀྱི་གཞུང་རྟ་གཙོ་བོ་རུ་གྱུར་ཡོད། དེ་མིན་གློག་བརྙན་འདིའི་ནང་དུ་སློབ་རའི་མི་སྣ་སྐོར་ཞིག་གི་སྣང་བརྙན་བསྐོ་བཞེངས་བྱས་དེ། ལང་ཚོའི་འདས་དོན་ལ་ཕྱིར་དྲན་གསལ་བརྗོད་བྱས་ཡོད་པ་དང་། མི་ཚེ་ཡི་རོལ་མྱོང་། ལང་ཚོ་ཡི་ཉམས་སྣང་སོགས་མངོན་པར་མཚོན་ཏེ། བོད་ཀྱི་སློབ་རའི་སྣང་བརྙན་མཚོན་པའི་གློག་བརྙན་བརྩམས་ཆོས་ལ་སྔར་མེད་པའི་རྣམ་པ་ཅིག་ཅར་དུ་སྤྲོས་བ་མ་ཟད། ད་དུང་བོད་ཀྱི་ན་གཞོན་འཁྲབ་སྟོན་པ་དག་གི་འཁྲབ་སྟོན་སྒྱུ་རྩལ་གྱིས་གློག་བརྙན་བརྩམས་ཆོས་ལ་ཚོན་མདངས་རབ་ཏུ་བྱུགས་ཡོད།
འཁྲབ་ཡུལ་གྱི་ཟུར་ཅིག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com