མཚོ་སྔོན་བོད་སྨན་ཁང་གི་རེག་དུག་སྲེག་སྨན་འདུལ་སྦྱོང་ལག་ལེན་ལ་ཆེད་མཁས་པའི་བདེན་དཔང་ཐོབ།

རྩོམ་པ་པོ།:རྡོ་རྗེ་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-22 09:28:00 ཀློག་གྲངས།:

       བོད་སྨན་རེག་དུག་སྲེག་སྨན་ནི་རེག་དུག་དང་མཚན་སྲིན་གཙོ་བྱས་པགས་ནད་རིགས་སེལ་ བའི་སྨན་མཆོག་ཞིག་ཡིན་ཞེས་ཀོང་སྤྲུལ་ཟིན་ཏིག་ཏུ་གསུངས་ཡོད། ཕན་ནུས་ཆེ་ཞིང་སྦྱོར་བ་བདེ་བའི་ལག་ལེན་འདི་ངག་རྒྱུད་བྱེད་པ་དང་ཕྱི་ལ་གསང་ བའི་རྐྱེན་གྱིས་ད་ལྟ་ལག་ལེན་གྱི་རྒྱུན་ཆད་ལ་ཉེ་བའི་ཉེན་ལ་ཐུག་འདུག

       དེར་བསྟུན་མཚོ་སྔོན་བོད་སྨན་ཁང་སྨན་སྦྱོར་ཚན་ཁག་གི་སྨན་སྦྱོར་གྱི་ནུས་པ་ཇེ་ ལེགས་དང་འཐུས་ཇེ་ཚང་བྱེད་ཆེད། ཟླ11པའི་ཚེས29ཉིན་མཚོ་སྔོན་བོད་སྨན་ཁང་གི་སྨན་པ་གྲགས་ཅན་ཉི་མས་རང་གི་ལོ་མང་ བོའི་འདུལ་སྦྱོང་ཉམས་མྱོང་གཙོ་བྱས་ཆེད་མཁས་བ30ལྷག་གིས་རེག་དུག་སྲེག་སྨན་ གྱི་སྦྱོར་སྡེ་དང་སྨན་རིགས་ངོས་འཛིན། བཟོ་རྩལ་གོ་རིམ། ཕན་ནུས། བསྟེན་ཚུལ། འཛེམ་བྱ་བཅས་ལ་དབྱེ་ཞིབ་དང་བགྲོ་གླེང་རྒྱས་པར་བྱས་བ་རེད། ཚོགས་འདུའི་མཇུག་མཐར་རེག་དུག་སྲེག་སྨན་གྱི་འདུལ་སྦྱོང་ལག་ལེན་སྨན་སྦྱོར་ཚན་ ཁག་ལ་སྤྲོད་རྒྱུ་དང་། སྨན་སྦྱོར་ཚན་ཁག་གི་ཆེད་མཁས་པའི་ཐག་གཅོད་ལྟར་ཐོན་སྐྱེད་བྱེད་རྒྱུ་ཡིན་པ་མ་ ཟད། མི་འགྱངས་པར་ནད་ཐོག་ལ་ལག་ལེན་ཏུ་བཀོད་རྒྱུ་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་བོད་སྨན་རེག་དུག་བྱུགས་སྨན་བཏུལ་བ་ལེགས་འགྲུབ་བྱུང་།

       ཐེངས་འདིའི་བགྲོ་གླེང་ཚོགས་འདུར་བརྒྱུད་མཚོ་སྔོན་བོད་སྨན་ཁང་སྨན་སྦྱོར་ཚན་ ཁག་གི་སྨན་གྱི་སྦྱོར་སྡེ་རིགས་ཇེ་མང་དུ་དང་འཐུས་ཇེ་ཚང་དུ་བཏང་ཞིང་། སྨན་སྦྱོར་ཚན་ཁག་གིས་རྗེས་ཕྱོགས་སྨན་གསར་བ་འཚོལ་ཞིབ་དང་ལག་ལེན། ཉམས་པ་སླར་གསོ་བྱེད་པ་ལ་རོགས་འདེགས་བཟང་བོ་ཐོན་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།