རྨ་སྟོད་རྫོང་གིས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས “རྨ་སྟོད་བྲོ་རྒོད”གསོ་སྦྱོང་བྱས་ཏེ་རྨ་ཆུའི་མགོ་ཁུངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་ཐད་གསོན་ཤུགས་རྒྱས་པ།

རྩོམ་པ་པོ།:ཚེ་རྡོ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2026-05-29 08:30:40 ཀློག་གྲངས།:
       མཚོ་སྔོན་ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས“རྨ་སྟོད་བྲོ་རྒོད”སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པར་སྔར་བས་ཤུགས་སྣོན་པ་དང་། གཟུགས་འདས་རིག་གནས་ཤུལ་བཞག་ལ་དགའ་ཞེན་དང་ལག་རྩལ་ཕུལ་བྱུང་ཅན་གྱི་ན་གཞོན་རྒྱུན་འཛིན་པ་ཁག་ཅིག་གསོ་སྐྱོང་བྱས་ཏེ། དུས་རབས་གསར་པར་སྲོལ་རྒྱུན་ཞབས་བྲོའི་གསོན་ཤུགས་རྒྱས་པར་སྐུལ་འདེད་གཏོང་ཆེད། ཉེ་ལམ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་སྒྲུབ་འགན་འཁུར་ནས་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས“རྨ་སྟོད་བྲོ་རྒོད”རྒྱུན་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས།
       ཐེངས་འདིའི་གསོ་སྦྱོང་དུས་ཡུན་ཉིན7ཡིན་ལ། ཁུལ་རིམ་པའི“རྨ་སྟོད་བྲོ་རྒོད”རྒྱུན་འཛིན་པའི་འཐུས་ཚབ་མི་སྣ་གདན་ཞུ་བྱས་ནས། རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་ཁག་ནས་ཡོང་བའི་བྲོ་རྒོད་ལ་དགའ་མཁན་དང་། གཞི་རིམ་གྱི་རིག་གནས་ལས་བྱེད་པ། ན་གཞོན་རྒྱུན་འཛིན་པ་བཅས་མི40ལྷག་ལ་སློབ་ཁྲིད་བྱས།
       ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བདེ་བླག་ངང་བསྡུས་པ་དེས“རྨ་སྟོད་བྲོ་རྒོད”རྒྱུན་འཛིན་བྱེད་པའི་གོ་རིམ་ཁྲོད་འཕྲད་པའི་རྒྱུན་འཛིན་པའི་མི་སྣ་དཀོན་པ་དང་ལག་རྩལ་ཉམས་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ། ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་ཀྱི་གསོན་ཉམས་རྒྱུན་འཛིན་ཐད་འགན་ལེན་ནུས་ལྡན་བྱས་ཡོད།
       རྨ་སྟོད་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་ཐེངས་འདིའི་གསོ་སྦྱོང་གོ་སྐབས་སུ་བཟུང་ནས། རྒྱུན་མཐུད་ངང་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། བོད་རིགས་མི་དམངས་ཀྱི་བློ་གྲོས་དང་བརྩེ་སེམས་མཚོན་པའི“རྨ་སྟོད་བྲོ་རྒོད”སྲོལ་རྒྱུན་ཞབས་བྲོ་རྨ་ཆུའི་མགོ་ཁུངས་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་རེད། །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།