༄༅།། 《བོད་ཡུལ་གྱི་གསང་གྲངས》ཞེས་པའི་བརྩམས་སྒྲུང་གྲགས་ཅན་དེ་ཧོ་ལེ་བོ་སྦྲི་ཡིས་མ་དངུལ་བཏང་ནས་གློག་བརྙན་

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་རླུང་དྲ་བ། དུས་ཚོད།:2008-01-19 11:32:56 ཀློག་གྲངས།:


བོད་ཡུལ་གྱི་གསང་གྲངས།

    གསར་འགོད་པས་རྒྱུས་ལོན་བྱུང་པའི་གནས་ཚུལ་ལྟར་ན། བརྩམས་སྒྲུང་གྲགས་ཅནབོད་ཡུལ་གྱི་གསང་གྲངསཞེས་པ་མིང་དུ་གྲགས་པའི་ཧོ་ལེ་བོ་སྦྲི(HOIIYWOOD好莱坞)ཏེ་མཉམ་ལས་ལེགས་འགྲུབ་བྱུང་ཚེ། བརྙན་ཕབ་མཁན་ཕྱོགས་ཀྱིས་ཨ་རིའི་སྒོར་མོ་དུང་ཕྱུར་ལྔ་ལྷག་བཏོན་ནསབོད་ཡུལ་གྱི་གསང་གྲངསཞེས་པལོ་རྒྱུས་སྟེང་རྩ་ཆེ་བའིརིག་གནས་མྱུལ་དཔྱད་གློག་བརྙན་ཆེན་པོ་ཞིག་ཏུ་བརྙན་ཕབ་བྱེད་རྒྱུ་རེད།
    རྒྱུས་ལོན་བྱུང་པའི་གནས་ཚུལ་ལྟར་ན།བོད་ཡུལ་གྱི་གསང་གྲངསཞེས་པའི་པོད་ཆ་ཚང་གི་ཡིག་འབྲུ་ཁྲི་ལྔ་ཡོད་པའི་རྩ་གནད་དབྱིན་ཡིག་ཏུ་བསྒྱུར་ཏེ་གློག་བརྙན་འཕྲིན་ཀུང་སི་དེར་སྤྲད་ཟིན་ལ། མིག་སྔརབོད་ཡུལ་གྱི་གསང་གྲངསཞེས་པའི་བརྩམས་ཆོས་དེ་གློག་བརྙན་འཕྲིན་དུ་རྩོམ་སྒྲིག་བྱེད་པའི་ལས་ཡོན་ལ་ཨ་རིའི་སྒོར་མོ་འབུམ་གསུམ་གྱི་ཡན་དུ་འཕར་ཡོད། གློག་བརྙན་འཕྲིན་ཀུང་སི་དེའི་འབྲེལ་ཡོད་འགན་ལེན་པས་བཤད་རྒྱུར།བོད་ཡུལ་གྱི་གསང་གྲངསཞེས་པའི་བརྩམས་དེབ་དེ་གློག་བརྙན་དུ་ཕབ་སྐྲུན་བྱ་རྒྱུའི་དམིགས་བྱ་གཙོ་བོ་ནི་གཏིང་ཟབ་པའི་ཤར་ཕྱོགས་ཀྱི་རིག་གནས་ཏེ་བྱེ་བྲག་བོད་ཀྱི་རིག་གནས་ལས་འཕྲོས་ཏེ། གོ་ལ་ཧྲིལ་པོའི་བོད་ཀྱི་གློག་བརྙན་འཕྲིན་ལ་སྤྲོ་བ་འཕེལ་བའི་མི་རྣམས་ཀྱི་སེམས་ཁོང་གི་བོད་ཡུལ་དེ་སྔར་བས་ཀྱང་ཁྱད་མཚར་གྱི་ཡུལ་གྲུ་ཞིག་ཏུ་ངོས་འཛིན་པའི་སྣང་བརྙན་ཇེ་དྲག་ཏུ་གཏོང་རྒྱུའི་ཕྱིར་དུ་ཡིན་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།