༄༅།། ཀྲུང་གོའི་གླིང་སྒྲུང་ཞིབ་འཇུག་དྲ་བ་དངོས་སུ་བཙུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2008-01-29 10:39:37 ཀློག་གྲངས།:

    ཀྲུང་གོའི་གླིང་སྒྲུང་ཞིབ་འཇུག་དྲ་བ་ཉིས་སྟོང་དགུ་ལོའི་ཟླ་ལྔ་བའི་ཚེས་ཉི་ཤུའི་ཉིན་དངོས་སུ་བཙུགས་པ་དང་། དྲ་བ་དེ་ནི་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སློབ་ཚོགས་གཉིས་ཀྱིས་མཉམ་དུ་བཙུགས་པ་ཡིན་ལ། རྒྱལ་ནང་གི་ཆེས་ཡང་རྩེར་སོན་པ་དང་ཆེད་ལས་རང་བཞིན་ཆེས་ལྡན་པ། ཆ་ཆེས་ཚང་བ་བཅས་ཀྱི་གེ་སར་གྱི་ལོ་རྒྱུས་སྙན་རྩོམ་རིག་གནས་མཚམས་སྦྱོར་བྱེད་པའི་ཆེད་དོན་དྲ་ཚིགས་ཐོག་མ་རེད།
    ཀྲུང་གོ་གླིང་སྒྲུང་ཞིབ་འཇུག་དྲ་བའི་བློ་འདོན་པ་རྣམས་ནི་རྒྱལ་ནང་གི་གེ་སེར་རིག་པའི་ཆེད་ལས་མཁས་པ་གྲགས་ཅན་དང་། སྒྲུང་བ། གེ་སར་རིག་པའི་ཆེད་ལས་ཞིབ་འཇུག་པ་གྲགས་ཅན་ཏག་ཏག་རེད། དེའི་ནང་དུ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཆུའུ་ཆིན་ཧྲན་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མ། སྔོན་ཆད་ཀྱི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རིན་གཞོན་པ། གེ་སར་རིག་པའི་ཆེད་ལས་མཁས་པ་སྐལ་བཟང་རྡོ་རྗེ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་གེ་སར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཅིས་ཏིས་མ་ཅ། སྔོན་ཆད་ཀྱི་རྒྱལ་ཡོངས་གེ་སར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། གེ་སར་རིག་པའི་ཆེད་ལས་མཁས་པ་གྲགས་ཅན་འཇམ་དཔལ་རྒྱ་མཚོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ། དགེ་རྒན་ཆེན་མོ་ཧི་ཧྥིན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་སོ་ཀྲང་། མཚོ་སྔོན་ཞིང་ཆེན་གེ་སར་སློབ་ཚོགས་ཀྱི་ཚོགས་གཙོ། གེ་སར་རིག་པའི་ཆེད་ལས་མཁས་པ་གྲགས་ཅན་གཅོད་པ་དོན་གྲུབ། སྒྲུང་བ་གྲགས་ཅན་ཚེ་རིང་དབང་འདུས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པའི་སློབ་གླིང་གི་ཏང་ཀྲི་པུའུ་ཧྲུའུ་ཅི། གེ་སར་རིག་པའི་ཆེད་ལས་མཁས་པ་རྟ་མགྲིན། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་བོད་ཡིག་སྡེ་ཁག་གི་ཀྲུའུ་རིན། བོད་རིག་པའི་ཆེད་ལས་མཁས་པ་སྟོབས་ལྡན་སོགས་ཡོད།
    ཀྲུང་གོའི་གླིང་སྒྲུང་ཞིབ་འཇུག་དྲ་བས་གེ་སར་རིག་པའི་ཞིབ་འཇུག་ཕྱོགས་ཀྱི་གནས་ཚུལ་གསར་བ་དང་ཞིབ་འཇུག་གི་གྲུབ་འབྲས་ཕྱོགས་ཡོངས་ནས་དྲིལ་སྒྲོག་བྱེད་རྒྱུ་ཡིན་ལ། བོད་ཡིག་དང་རྒྱ་ཡིག་གི་པར་གཞི་གཉིས་ཡོད་ལ། གསར་འགྱུར་དང་། མི་སྣ། གནའ་ཤུལ། བང་མཛོད། གྲུབ་འབྲས། ངོ་སྤྲོད། སྐད་འཇོག་བཅས་ཚན་པ་བདུན་དུ་བགོས་ཡོད། ནང་དོན་ལ་གླིང་སྒྲུང་མི་སྣ་དང་། སྒྲུང་བ་གྲགས་ཅན། ཞིབ་འཇུག་མི་སྣ། གནའ་ཤུལ། ཤུལ་རྫས། གླིང་སྒྲུང་གླེགས་བམ། པར་བསྐྲུན་ཆེད་རྩོམ། དཔྱད་རྩོམ་བདམས་བཀོད་སོགས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།