༄༅།། གེ་སར་རྒྱལ་བོའི་ཐང་ག་སྟོང་ཕྲག་སེམས་ཀྱི་ཉི་ཟླ་རྫོང་ནས་འགྲེམ་སྟོན་བྱས་པ།
ཟླ༥བའི་ཚེས༣༠ཉིན།གནས་སྐོར་བས་སེམས་ཀྱི་ཉི་ཟླ་རྫོང་་རིག་གནས་བཤམས་སྟོན་ལྟེ་གནས་སུ་གེ་སར་རྒྱལ་བོའི་ཐང་ག་ལ་མཇལ་བཞིན་པ།
བསྡོམས་པས་མ་དངུལ་སྒོར་ཁྲི༢༠༠༠ལྷག་བཏང་བའི་གེ་སར་རྒྱལ་བོའི་ཐང་ག་སྟོང་ཕྲག་ཉེ་སྔོན་ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སེམས་ཀྱི་ཉི་ཟླ་རྫོང་ནས་འགྲེམ་སྟོན་བྱས། གེ་སར་རྒྱལ་བོ་ནི་བོད་རིགས་མི་དམངས་ཀྱི་དད་གུས་བྱེད་སའི་དཔའ་བོ་དང་ལྷ་ཡི་སྤྲུལ་བ་ཡིན་པས། ཐེངས་འདིར་འགྲེམ་སྟོན་བྱས་པའི་གེ་སར་རྒྱལ་བོའི་ཐང་ག་ནི་གེ་སར་རྒྱལ་བོའི་སྒྲུང་བརྗོད་བྱ་བྱས་ཏེ་རི་མོ་བ༢༠༠ལྷག་གིས་ལོ་མང་བོར་དཀའ་སྤྱད་འབད་བརྩོན་སྒོས་རི་མོར་ཕབས་པ་ཡིན་པས། ཐང་ག༡༢༨༨ལྷག་ལས་བོད་ཀྱི་དཔའ་རྒོད་གེ་སར་རྒྱལ་བོའི་འཁྲུངས་རབས་དང་། གཡུལ་འགྱེད། མཐར་ལྷ་ཡུལ་དུ་བྱོནཔའི་དུས་རིམ་གསུམ་གྱི་གཏམ་རྒྱུད་བརྗོད་ཡོད།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com