༄༅།། རིག་གནས་པུའུ་ཡིས་ཀོས་ནན་རྫོང་ལ“ཀྲུང་གོ་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་མཚན་སྙན་གནང

རྩོམ་པ་པོ།:ཚེ་རིང་བསམ་འགྲུབ་གྱིས་སྒྱུར། ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-11-30 08:40:54 ཀློག་གྲངས།:
    ཉེ་ལམ།མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ལ་རྒྱལ་ཁབ་རིག་གནས་པུའུ་ཡིསཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལཞེས་པའི་མཚན་སྙན་གནང་ལ།ཀོས་ནན་རྫོང་སྤྲེལ་ནག་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དེ་སྐོར་གསུམ་པའི་རྒྱལ་ཁབ་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ཡི་མཚན་སྙན་གནང་།
    ཉེ་བའི་ལོ་འགའི་རིང་ལ།ཀོན་ནན་རྫོང་གིས་རིག་གནས་ཐོན་ལས་འཕེལ་རྒྱས་ལ་ཕྱི་ཕྱོགས་སུ་རིག་གནས་ཞོར་ལས་གཙོ་བོར་འཛིན་པ་དང་།ནང་ཁུལ་དུ་བོད་ཀྱི་བརྩེགས་དྲུབ་ལས་རིགས་གཙོ་བོར་གཉེར་བའི་སྤྱིའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་པས།འཚོལ་ཞིབ་དང་གསར་སྤེལ། སྐྱེད་སྲིང་བཅས་བྱེད་པའི་རིག་གནས་ཐོན་ལས་ཀྱི་ཐོག་མའི་དུས་སྐབས་ནས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ཞིག་ཏུ་བསྙེག་འགོ་བརྩམས་པ་མ་ཟད།རང་བདག་གསར་བསྐྲུན་གྱི་ནུས་པ་ལྡན་ལ་མཚན་སྙན་ཅུང་ཡོད་པའི་རིག་གནས་ཚོགས་པ་དང་ཆས་རྟགས་མང་པོ་གསར་དུ་བྱུང་།ལྷག་པར་དུ་སྤྲེལ་ནག་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་བོད་ཀྱི་རིག་གནས་སྒྱུ་རྩལ་གསར་སྤེལ་དྲིལ་སྒྲོག་ལྟེ་གནས་གཉིས་ཀྱིས་རིག་གནས་ཐོན་ལས་ལས་གཞི་དང་རིག་གནས་ཆས་རྟགས་གསར་སྤེལ་བྱེད་པ།ལས་ཞུགས་ལ་སྐུལ་འདེད།རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ།ཀོས་ནན་གླུ་གར་རིག་གནས་ཕྱི་ཕྱོགས་སུ་བསྐྱོད་པ་སོགས་ཀྱི་ཐད་དུ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཡོད་ལ།དེས་ཕྱོགས་གཅིག་ནས་རོང་འབྲོག་པའི་ཡོང་སྒོ་ཇེ་མང་དུ་བཏང་ལ། ཕྱོགས་གཞན་ཞིག་ནས་ཚད་ངེས་ཅན་ཞིག་གི་སྟེང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་དུ་བཏང་ཡོད། མིག་སྔར།ཀོས་ནན་རྫོང་གིས་ས་གནས་སོ་སོའི་གླུ་གར་འཁྲབ་སྟོན་གྱི་ལས་ལ་ཞུགས་པའི་མི༨༠༠ལྷག་དང་བོད་ཀྱི་བརྩེགས་དྲུབ་བྱེད་མཁན་གྱི་མི༡༠༠༠ལྷག་ཡོད་པ་དང་།ལོ་རེའི་ཡོང་སྒོ་སྒོར་ཁྲི༥༠༠ཡན་ལ་བསླེབས་ཡོད།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།