ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གིས་རང་མོས་བྱ་འགུལ་འགྲེམས་སྟོན་བྱ་འགུལ་སྤེལ་བ།
སློབ་གཙོ་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།
བརྒྱད་གཅིག་འཛིན་གྲྭའི་བྲོ་གར་གྱི་ཉམས་སྣང་།
བརྒྱད་གསུམ་འཛིན་གྲྭའི་མཐུན་སྒྲིལ་གྱི་སྟངས་སྟབས།
བཞི་ལྔ་འཛིན་གྲྭའི་ལྷད་མེད་སེམས་ཀྱི་འགྱུར་ཁུགས།
བརྒྱད་བཞི་འཛིན་གྲྭའི་རྒྱུད་དྲུག་གི་འགྱུར་ཁུགས་གར་གྱི་སྟངས་སྟབས་ལ་བརྒྱུས་པའི་ལང་ཚོའི་འབོད་པ།
དགུ་གཉིས་འཛིན་གྲྭའི་དུས་རབས་གསར་བའི་ལང་ཚོའི་སྟངས་སྟབས།
ལྗིད་ཏིག་ཏིག་གི་དཔེ་ཁུག་ཏུ་ལྗིད་ཏིག་ཏིག་གི་རེ་སྨོན་བཅུག་ནས་
རྒས་རག་བར་དུ་འདི་ལྟར་ལྗིད་ཏིག་ཏིག་གིས་བགྲོད་དགོས་ཨང་།
ཕ་ཡུལ་ནས་མིང་སྲིང་། སློབ་ར་ནས་སློབ་གྲོགས། གར་སྟེགས་སུ་ཚན་སྡེབ།
མཇུག་མཐར་ཡང་བསྐྱར་ཞབས་བྲོ་ཞིག་གིས་བཀྲ་ཤིས་འཇོག
དེ་ཡང2009ལོ་ནས་བཟུང་ཞིན་ཧེ་རྫོང་མི་རིགས་སློབ་འབྲིང་གིས་གཟའ་འཁོར་རེའི་གཟའ་ལྷག་པ་དང་སྤེན་པའི་ཕྱི་དྲོའི་སློབ་ཕྱིའི་དུས་ཚོད་བེད་སྤྱོད་བྱས་ཏེ། སློབ་མའི་ཤེས་བྱ་དང་རྩལ་ནུས། དགའ་མོས་སོགས་བག་ལ་ཞ་བའི་ནུས་པ་སྔོགས་འདོན་དང་གསོ་སྐྱོང་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ། འདིའི་ཕྱོགས་ཀྱི་ཁྱད་ཆོས་ཡོད་མཁན་དང་ཆེད་གཉེར་ཅན་གྱི་དགེ་རྒན་བཀོད་སྒྲིག་བྱས་ཏེ་ཡིག་གཟུགས་དང༌། ཐང་ག རི་མོ། ཞབས་བྲོ། གླུ་དབྱངས། གར་ཆུང༌། གཟེབ་གྲུག དབྱིན་ཡིག་གི་ཀ་བརྡ། བོད་རྒྱ་ཡིག་གི་རྩོམ་འབྲིའི་ཤེས་བྱ་སོགས་ཟུར་ཁྲིད་བྱས་ཤིང་སློབ་མཇུག་ལ་ཡོངས་ཁྱབ་རང་བཞིན་གྱི་འགྲེམས་སྟོན་བྱ་འགུལ་སྤེལ་བས་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་མི་དམན་པ་བླངས་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com