ན་གཞོན་རི་མོ་བ་འཕགས་མོ་ཚེ་རིང་གི་སྒྱུ་རྩལ་བརྩམས་ཆོས།
འཕགས་མོ་ཚེ་རིང་།
འཕགས་མོ་ཚེ་རིང་ནི1990ལོར་མཚོ་སྔོན་བ་ཡན་ནས་སྐྱེས་ཤིང་། 1995ལོར་ཕ་མ་དང་ལྷན་དུ་མཚོ་ལྷོ་ལ་ཡོང་སྟེ་གཏན་སྡོད་བྱས་པ་ཡིན་ལ། ལོ་འདིར་ས་གནས་འདིའི་སློབ་ཆུང་ཞིག་ཏུ་སློབ་གཉེར་བྱེད་འགོ་བརྩམས། 2000ལོར་སློབ་འབྲིང་ལ་འཕར་བ་དང་། ཁོར་ཡུག་སོགས་རྒྱུ་རྐྱེན་དུ་མའི་དབང་གིས་ཁོ་རང་རི་མོ་སྦྱང་བར་སྤྲོ་སྣང་མི་དམན་པ་འཁོལ་ཏེ། 2003ལོར་ཆོས་ལུགས་མཛེས་རྩལ་སྦྱང་བ་དང་། 2005ལོར་མཚོ་སྔོན་མཛེས་རྩལ་སློབ་གྲྭ་རུ་དགེ་རྒན་ཝེའུ་སོགས་ཀྱི་མཛུབ་ཁྲིད་ལས་ནུབ་ཕྱོགས་མཛེས་རིས་ལ་སྦྱང་བརྩོན་བྱས་ཤིང་། སྔ་གཞུག་ཏུ་ཀྲུང་གོ་མཛེས་རྩལ་སློབ་གླིང་དང་། ཆིན་ཧྭ་སློབ་ཆེན་གྱི་མཛེས་རྩལ་སློབ་གླིང་དུ་སློབ་གཉེར་མཛད།
འཕགས་མོ་ཚེ་རིང་གི་སྒྱུ་རྩལ་བརྩམས་ཆོས།
ད་ལྟ་མཚོ་སྔོན་ཞིང་ཆེན་མཛེས་རྩལ་པའི་ལྷན་ཚོགས་དང་། 128རྒྱལ་སྤྱི་སྒྱུ་རྩལ་རྨོངས་སེལ་རྩ་འཛུགས། ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་དང་བླངས་པའི་མཐུན་ཚོགས། འཛམ་གླིང་ཀྲུང་གོ་བའི་སྒྱུ་རྩལ་པའི་སྤྲོ་སྐྱིད་ཁང་། ཀྲུང་གོའི་དཔེ་རིས་སྒྱུ་རྩལ་འཕེལ་རྒྱས་ཞིབ་འཇུག་གླིང་སོགས་མཐུན་ཚོགས་ཀྱི་ཚོགས་མི་ཡིན་ཞིང་། ཁོའི་མཛེས་རིས་སྒྱུ་རྩལ་ལ་གཞན་དང་མི་མཐུན་པའི་ཁྱད་ཆོས་དོད་པོ་ལྡན་ཏེ། སྒྱུ་རྩལ་གྱི་ཞིབ་ཚགས་རང་བཞིན་དང་། དངོས་པོའི་ཕྱི་ནང་གི་བཀོད་པ། ལྷད་མེད་ཀྱིས་བཅིངས་བའི་བརྩེ་སེམས་ཕྱུག་པ་སོགས་ལས་གསོན་ཉམས་ལྡན་པའི་སྒྱུ་རྩལ་གྱི་གཟུགས་བརྙན་མཚོན་པར་བྱས།
འཕགས་མོ་ཚེ་རིང་གི་སྒྱུ་རྩལ་བརྩམས་ཆོས།
2008ལོར་ཅང་ཞིའི་ནན་ཕྲང་དུ་སྤེལ་པའི་སྣུམ་རིས་བརྩམས་ཆོས《ཨ་མ》དང་། གཞན་ད་དུང《ཟླ་བདུན་པ》ཞེས་པ་སོགས་ལ་མི་རྣམས་ཀྱིས་དགའ་བསུ་དང་བསྟོད་བསྔགས་ཆེན་པོ་ཐོབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com