མཚོ་སྔོན་གྱིས་སྐད་གཉིས་དགེ་རྒན་གསོ་སྐྱོང་བྱས་ཏེ་མི་རིགས་ས་ཁུལ་སློབ་གསོ་ལ་སྐུལ་འདེད་བྱེད་རྒྱུ་རེད།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:ཞིན་ཧྭ་དྲ་བ། དུས་ཚོད།:2011-01-25 10:50:00 ཀློག་གྲངས།:
           གྲངས་ཉུང་མི་རིགས་མི་གྲངས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྤྱིའི་མི་གྲངས་ཀྱི་ཕྱེད་ཀ་ཙམ་ཟིན་ཡོད་ལ། ཉེ་བའི་ལོ10རིང་ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་ཆེན་ཏུ་དགེ་འོས་ཆེད་སྦྱོང་རིགས་ཀྱི་“སྐད་གཉིས”འཇོན་མི4000ལྷག་གསོ་སྐྱོང་བྱས་ཏེ། མི་རིགས་སློབ་གསོ་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་འཇོན་མི་གསོ་སྐྱོང་དང་། མི་རིགས་མཐུན་སྒྲིལ་སྟོབས་ཤུགས་གཅིག་སྒྲིལ་ཐད་ལ་བྱས་རྗེས་ཆེན་པོ་བཞག
           མཚོ་སྔོན་ཞིང་ཆེན་ནི་གྲངས་ཉུང་མི་རིགས་མང་བའི་ཞིང་ཆེན་ཞིག་ཡིན་པ་དང་། གྲངས་ཉུང་མི་རིགས་མི་གྲངས་ཀྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི46.3%ཟིན་ལ། གྲངས་ཉུང་མི་རིགས་འཚོ་སྡོད་ཁོར་ཡུག་གི་རྒྱ་ཁྱོན་གྱིས་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི96%ཟིན་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་རིམ་པ་སོ་སོ་དང་ཚན་ཁག་སོ་སོའི་གྲངས་ཉུང་མི་རིགས་སློབ་མ་ཁྲི54.64ཡོད།
           མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མཚམས་སྦྱོར་བཤད་རྒྱུར། གཞི་རིམ་གྱིས“སྐད་གཉིས”དགེ་རྒན་ལ་བཏོན་པའི་རེ་འདུན་སྐོང་ཆེད། མཚོ་སྔོན་དགེ་ཐོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་སོགས་སློབ་གླིང་གིས“འབྲོག་ཁུལ་ལ་ཁ་ཕྱོགས་པ་དང་གཞི་རིམ་ལ་ཁ་ཕྱོགས་པ། གྲངས་ཉུང་མི་རིགས་ལ་ཁ་ཕྱོགས་པ”བཅས་ཀྱི་བསམ་བློའི་མཛུབ་སྟོན་དང་། “མི་རིགས་གཉིས་ཀྱི་སྐད་ཡིག་ལ་བྱང་ཆུབ་པ”དང“ནུས་པ་སྣ་མང་ཅན”“ མི་རིགས་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་བྱ་བའི་དགོས་མཁོ་དང་འཚམ་པའི”གསོ་སྐྱོང་དམིགས་འབེན་ལ་གཞིགས་ཏེ། མི་རིགས་ས་ཁུལ་དུ“སྐད་གཉིས”དགེ་རྒན་སྐོར་ཞིག་གསོ་སྐྱོང་བྱས་ཡོད། དེས་མཚོ་སྔོན་རང་ཁུལ་ལ་མཁོ་བའི“སྐད་གཉིས”དགེ་རྒན་གྱི་རེ་འདུན་བསྐངས་ཡོད་པ་མ་ཟད། ཟི་ཁྲོན་དང་ཀན་སུའུ། ཡུན་ནན་སོགས་ཞིང་ཆེན་གཞན་དག་གི“སྐད་གཉིས”དགེ་རྒན་གྱི་དགོས་མཁོ་ཡང་བསྐངས་ཡོད།
            གཞན་ཡང་། ཉེ་བའི་ལོ5རིང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་ཕྱི་ནང་གི་དགེ་ཐོན་སློབ་གླིང་བརྒྱུད་དེ། སློབ་གྲྭ་ཆུང་འབྲིང་གི་སློབ་གཙོ་དང་རྐང་འཛིན་དགེ་རྒན་ཁྲི2ལྷག་ལ་གསོ་སྦྱོང་བྱས་ཤིང་། དེའི་ནང་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་རང་སྐྱོང་ཁུལ6གི་མི་རིགས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱིས70%ཟིན་ཡོད། ཁུལ་དང་རྫོང་། སློབ་གྲྭ་བཅས་སུ་དུས་ཡུན་ཐུང་ངུའི་གསོ་སྦྱོང་བྱས་པའི་དགེ་རྒན་མི་ཐེངས་ཁྲི7.12ལ་སླེབས་ཡོད་པས།“སྐད་གཉིས”དགེ་རྒན་གྱི་དཔུང་ཁག་གི་སློབ་གནས་ཀྱི་རིམ་པ་དང་ཆེད་ལས་སྒྲིག་གཞི། ཤེས་བྱའི་ཆུ་ཚད། སློབ་ཁྲིད་ནུས་པ་བཅས་ཚད་ངེས་ཅན་སྟེང་ལེགས་བཅོས་དང་མཐོར་འདེགས་བྱུང་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།