མཚོ་སྔོན་གྱིས་མ་དངུལ་སྒོར་ཁྲི་ཚོ2400བཏང་སྟེ་ཡུལ་ཤུལ་གནོད་ཤུལ་རིག་གནས་ཤུལ་བཞག་མྱུར་སྐྱོབ་བྱས་པ།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-29 10:41:00 ཀློག་གྲངས།:
        ད་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་ཤུལ་རིག་དངོས་མྱུར་སྐྱོབ་སྲུང་སྐྱོང་གི་མ་དངུལ་སྒོར་ཁྲི་ཚོ1400བཏང་སྟེ།གནོད་ཐེབས་ས་ཁུལ་གྱི་རྒྱལ་ཡོངས་གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོབ་དང་མེ་གསོད་དང་ལས་གཞི་འཛུགས་སྐྲུན་སོགས་ཀྱི་སྟེང་བཀོད་པ་དང་། མ་དངུལ་སྒོར་ཁྲི་ཚོ1068བཏང་སྟེ་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་མྱུར་སྐྱོབ་སྲུང་སྐྱོང་བྱ་བར་བཀོད།
        མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་གསར་འགྱུར་དཔར་སྐྲུན་ཐིན་གྱི་ཐིན་ཀྲང་གཞོན་པ་དང་མཚོ་སྔོན་ཞིང་ཆེན་རིག་དངོས་དོ་དམ་ཅུའི་ཅུའུ་ཀྲང་ཧྥིན་ཞིན་ལའེ་ཡིས་བཤད་དོན། ཕྱི་ལོ2010ལོའི་ཟླ7པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔར་སྐྲུན་ཐིན་གྱིས་སྟོང་ཚང་བཀའ་བསྟན་ཉར་ཚགས་ཁང་གི་ཉམས་གསོ་དང་ཁང་པ་སྲ་བརྟན་དུ་གཏོང་བ་དང་མེ་གསོད་མཁོ་བསྒྲིགས་འཛུགས་སྐྲུན་ལས་གཞི་བཀོད་སྒྲིག་དང་ལག་བསྟར་བྱས་པ་དང་། ཟླ9པའི་ཟླ་སྟོད་ལ་ལས་གཞི་ལེགས་འགྲུབ་རྩིས་ལེན་དང་རྩིས་སྤྲོད་བརྒྱུད་ནས་བེད་སྤྱོད་བྱེད་པ་དང་།ཡུལ་ཤུལ་གནོད་ཤུལ་སླར་གསོ་བསྐྱར་འཛུགས་ཁྲོད་ཀྱི་ཐེངས་དང་པོར་གྲུབ་པའི་སླར་གསོ་བསྐྱར་འཛུགས་ལས་གཞིར་གྱུར་ཡོད། དེ་མིན། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མ་དངུལ་སྒོར་ཁྲི་ཚོ265བགོས་སྦྱིན་བྱས་ཏེ་ཆེད་དུ་སྟོང་ཚང་བཀའ་བསྟན་གྱི་སྲུང་སྐྱོབ་ལ་བཀོད་པ།
        མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་དཔར་སྐྲུན་ཐིན་གྱིས་ད་དུང་གཙང་སྨྱོན་མཆོད་རྟེན་དང་བསམ་གྲུབ་དགོན། སྐྱེ་རྒུ་དགོན་དང་དགེ་འཛོམས་མཆོད་རྟེན་བཅས་སོ་སོར་མ་དངུལ་སྒོར་ཁྲི་ལྔ་དང་ཁྲི་གཉིས། ཁྲི་གཅིག་གི་རིག་དངོས་མྱུར་སྐྱོབ་མ་དངུལ་བཏང་བ་དང་ས་གནས་གྱི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གིས་མགྱོགས་མྱུར་ངང་ཉེན་ཁ་ལས་ཡོལ་བ་དང་གྱོང་གུད་ཆུང་དུ་གཏོང་བར་མཛུབ་སྟོན་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།