ནུབ་བྱང་མི་རིགས་སློབ་ཆེན་གྱི་སྙན་ངག་གཅེས་བཏུས《གངས་ཀྱི་རོལ་དབྱངས》ཞེས་པ་དཔར་སྐྲུན་འགྲེམས་སྤེལ་བྱས་པ།

རྩོམ་པ་པོ།:རྡོ་རྗེ་རབ་བརྟན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-01-29 10:49:00 ཀློག་གྲངས།:

        ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན་གྱི་དགེ་རྒན་ཆེན་མོ་གཞོན་པ་དཔའ་རྩེ་ལགས་ཀྱིས་འཆར་འགོད་གཙོ་སྒྲིག་བྱས་པའི་སྙན་ངག་གཅེས་བཏུས《གངས་ཀྱི་རོལ་དབྱངས》ཞེས་པའི་སྙན་དེབ་དེ་ཉེ་སྔོན་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་འགྲེམས་སྤེལ་བྱས།
         སྙན་ངག་གཅེས་བཏུས་དེའི་ནང་ཕྱི་ལོ1989ལོ་ནས2009ལོའི་བར་འགྲེམས་སྤེལ་བྱས་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན་གྱི་སྙན་ངག་ཚགས་པར་འདོན་ཐེངས64པའི་ཁྲོད་ཀྱི་བརྩམས་ཆོས་ལེགས་པོ་རྣམས་བདམས་ཡོད།སྙན་དེབ་དེས་ཉེ་བའི་ལོ་ཉི་ཤུའི་ནང་གི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན་གྱི་བོད་རིགས་སློབ་ཆེན་པའི་བསམ་བློའི་བརྩེ་དུངས་དང་སེམས་ཁམས་བརྒྱུད་རིམ་མངོན་ཡོད་པ་དང་ཚད་ངེས་ཅན་ཞིག་གི་སྟེང་ནས་བོད་ཀྱི་དེང་རབས་སྙན་ངག་གི་འཕེལ་རྒྱས་བརྒྱུད་རིམ་མངོན་ཡོད།
        ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན་གྱི་དགེ་རྒན་ཆེན་མོ་གཞོན་པ་དཔའ་རྩེ་ལགས་ཀྱིས་དུས་ཡུན་རིང་པོ་ཞིག་ལ་སྙན་ངག་ཚགས་པར་གྱི་གཙོ་སྒྲིག་དང་འཆར་བཀོད་ཀྱི་འགན་ཁུར་ཡོད་ལ།སྙན་ངག་ཚགས་པརཕྱི་ལོ1989ལོ་ནས་གསར་འདོན་བྱས་པ་ནས་ད་ལྟའི་འདོན་ཐེངས64པའི་བར་དུ།བརྩམས་ཆོས་གཙོ་བོ་བོད་ཀྱི་སློབ་རའི་སྙན་ངག་ཡིན་ལ་དེ་ནི་བོད་ཁུལ་ཀྱི་ཆེས་སྔ་བའི་སྙན་ངག་རྐྱང་རྐྱང་གི་ཚགས་པར་ཞིག་ཀྱང་ཡིན། དེའི་ཁྲོད་ཀྱི་བརྩམས་ཆོས་ལེགས་ཤོས་མང་པོ་ཞིག་སྔ་མར《སྦྲང་ཆར》དང《གངས་རྒྱན་མེ་ཏོག》《ཟླ་ཟེར》སོགས་དུས་དེབ་ཀྱིས་བསྐྱར་བཀོད་ཀྱང་བྱས་མྱོང་།ཕྱི་ལོ2007ལོར་སྙན་ངག་ཚགས་པར་གྱི་དྲ་བ་གསར་འཛུགས་བྱས་པ་དང་དེ་ནི་བོད་ཁུལ་དུ་ཀློག་མཁན་གྱི་ཁྱབ་རྒྱ་ཆེ་བ་དང་ཤུགས་རྐྱེན་ཅུང་ཆེ་བའི་ཚགས་པར་ཞིག་ཡིན།
        རྒྱུས་ལོན་བྱས་པ་ལྟར་ན་།རེབ་འདིར་དགེ་རྒན་ཆེན་མོ་དཔའ་རྩེ་ལགས་ཀྱིས་གཙོ་སྒྲིག་བྱས་པའི《གངས་ཀྱི་རོལ་དབྱངས》ཞེས་པའི་སྙན་དེབ་དེ་ནི་སྙན་ངག་ཚགས་པར་འདོན་སྤེལ་བྱས་ཏེ་ལོ་འཁོར20ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་ལེགས་སྐྱེས་ལྟ་བུ་ཞིག་ཀྱང་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།