མཚོ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭས་བོད་ཀྱི་གཙགས་གྲུབ་འབྲིང་རིམ་ཆེད་སྦྱོང་འཛིན་གྲྭ་ཞིག་བཙུགས་པ།

རྩོམ་པ་པོ།:བདེ་སྐྱིད་འཚོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-02-02 10:03:00 ཀློག་གྲངས།:
            མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭས་སློབ་གྲྭ་དང་ཁེ་ལས་གཉིས་བར་མཉམ་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ། དམངས་ཁྲོད་ཀྱི་གཙགས་གྲུབ་པ་མདན་འདྲེན་བྱས་ནས་བོད་ཀྱི་གཙགས་གྲུབ་འབྲིང་རིམ་ཆེད་སྦྱོང་འཛིན་གྲྭ་ཞིག་བཙུགས།
            2006ལོར་སློབ་གྲྭ་དེས་རོང་འབྲོག་པ་མང་ཚོགས་ཀྱི་སློབ་སྦྱོང་ནུས་རྩལ་གྱི་དགོས་མཁོ་དང་ཟུང་ཏུ་སྦྲེལ་ནས། སློབ་གྲྭ་དང་ཁེ་ལས་བར་མཉམ་འབྲེལ་བྱས་ནས་སློབ་གྲྭ་སྒྲུབ་པའི་རྣམ་པ་སྤྱད་དེ། མཚོ་ལྷོ་ཁུལ་འཇའ་མཚོན་སྣ་ལྔ་བོད་ཀྱི་གཙགས་གྲུབ་ལག་རྩལ་གསར་སྤེལ་དང་གསོ་སྦྱོང་ཀུང་ཟི་གཉིས་མཉམ་ལས་བྱས་ནས། ཆེད་ལས་ཀྱི་དགེ་རྒན་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་པ་གདན་དྲངས་ནས། ལོ་གསུམ་ལམ་ལུགས་ཀྱི་བོད་ཀྱི་གཙགས་གྲུབ་འབྲིང་རིམ་ཆེད་སྦྱོང་འཛིན་གྲྭ་བསྒྲུབས།  2009ལོར་མ་དངུལ་སྒོར་མོ་འབུམ་གཅིག་ལྷག་བཏང་ནས་སློབ་མ་རྣམས་ཀྱི་བོད་ཀྱི་གཙགས་གྲུབ་བརྩམས་ཆས་འགྲེམ་སྟོན་བྱས་པ་དང་། ཐབས་ལམ་མང་པོ་བརྒྱུད་དེ་སློབ་མ་རྣམས་ཀྱི་བརྩམས་ཆས་གནས་སྐོར་ཚོང་རར་བཙོང་པས། སློབ་མ་རྣམས་ཀྱིས་སྒོར་མོ་སྟོང་གཅིག་དང་ལྔ་བརྒྱ་ལྷག་ནས་སྟོང་གསུམ་ལྷག་བསྐྲུན།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།