མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས་པ།
ཉེ་བའི་ཉིན་འགའི་ནང་། 2011ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་རྒྱལ་ཡོངས་དང་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་བྱ་བའི་ཚོགས་ཆེན་གྱི་དགོངས་དོན་དང་། རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱི་དུས་ཡུན་རིང་འབྲིང་གི་སློབ་གསོ་འཕེལ་རྒྱས་འཆར་འགོད་རྩ་གནད་ལག་ལེན་མཐར་ཕྱིན་བྱས་ཏེ། ཉམས་མྱོང་སྤྱི་སྡོམ་དང་བརྗེ་རེས་བྱེད་པ་དང་། འཕེལ་རྒྱས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱས་པར་མ་ཟད། ད་ལོའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་ཀའོ་ཡོན་ལུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
ཀའོ་ཡོན་ལུང་གིས་ཚོགས་ཐོག་ནས་ནན་གྱིས་བསྟན་དོན། 2011ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་ལ། ད་ལོའི་བྱ་བ་བཟང་བོར་སྒྲུབ་རྒྱུ་དེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པ་དང་འབྲེལ་བ་དམ་པོ་ཡོད་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སློབ་གསོ་འཕེལ་རྒྱས་འཆར་འགོད་རྩ་གནད་ལ་སློབ་སྦྱོང་དང་དེ་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས་དང་། མི་རིགས་ས་ཁུལ་དུ་ལོ་དགུའི་འོས་འགན་སློབ་གསོ་ཕལ་ཆེར་ཁྱབ་གདལ་དུ་གཏོང་བ་དང་ན་གཞོན་དང་དར་མའི་ཡིག་རྨོངས་ཕལ་ཆེར་སེལ་བའི་བྱ་བར་ཞིབ་བཤེར་བྱེད་རྒྱུ་གཙིགས་སུ་འཛིན་དགོས་པ། སློབ་གྲྭ་འབྲིང་ཆུང་གི་སྒྲིག་སྟངས་ལེགས་སྒྲིག་བྱེད་པ་དང་སློབ་གྲྭའི་བདེ་འཇགས་བཟོ་སྐྲུན་ལག་བསྟར་ནན་མོ་བྱེད་དགོས་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com