ངོས་དང་པོ > སྐབས་དོན། > རིག་གནས་སློབ་གསོ། > ལྷུན་རྩེ་རྫོང་སློབ་འབྲིང་ལས་རིགས་སློབ་གསོའི་ལྟེ་གནས་དངོས་སུ་བཙུགས་ནས་སྒོ་བྱང་བཀལ།
ལྷུན་རྩེ་རྫོང་སློབ་འབྲིང་ལས་རིགས་སློབ་གསོའི་ལྟེ་གནས་དངོས་སུ་བཙུགས་ནས་སྒོ་བྱང་བཀལ།
རྩོམ་པ་པོ།: མི་གསལ།
ཡོང་ཁུངས།:བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2011-02-12 08:59:00
ཀློག་གྲངས།:
ཉེ་དུས་མ་འཇོག་སྒོར་ཁྲི459དང་འཛུགས་སྐྲུན་རྒྱ་ཁྱོན་སྤྱི་ཁྲེ་ངོས་གྲུ2643.17ཟིན་པའི་ལྷུན་རྩེ་རྫོང་སློབ་འབྲིང་ལས་རིགས་སློབ་གསོའི་ལྟེ་གནས་དངོས་སུ་བཙུགས་ནས་སྒོ་བྱང་བཀལ་བ་དེས་རྫོང་དེའི་མི་ཤུགས་ཀྱི་ཐོན་ཁུངས་གསར་སྤེལ་དང་། གྲོང་གསེབ་ཀྱི་ངལ་ནུས་སྤོ་བསྒྱུར་གསོ་སྐྱོང་། ལག་རྩལ་གསོ་སྦྱོང་དང་ཁྱབ་གདལ། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་གལ་ཆེའི་ལེགས་སྐྱེས་འབུལ་ཐུབ་རྒྱུ་རེད། ཉེ་བའི་ལོ་ཤས་ནང་རྫོང་དེས་ནན་ཏན་ངང་“ཚན་སློབ་ལ་བརྟེན་ནས་རྫོང་དར་རྒྱས”དང་“ཤེས་ལྡན་པར་བརྟེན་ནས་རྫོང་སྟོབས་ཆེར་གཏོང་བའི”ཐབས་ཇུས་ལག་ལེན་བསྟར་ཏེ་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་ཞིག་ལ་བརྩིས་ནས་དམ་འཛིན་ནན་པོ་བྱས་ཤིང་། མིག་སྔར་སློབ་གྲྭ་དེར་སློབ་མ131དང་དགེ་རྒན་དང་ལས་བཟོ་བ12ཡོད་པ་ལས་རིག་གནས་སློབ་ཁྲིད་དགེ་རྒན5དང་། གདན་ཞུའི་རྩལ་ནུས་དགེ་རྒན7ཡོད།
སློབ་གྲྭ་དེས་ཞབས་འདེགས་ཞུ་རྒྱུ་དེ་དམིགས་ཡུལ་དང་། ལས་ཞུགས་བྱ་རྒྱུ་དེ་ཁ་ཕྱོགས་སུ་འཛིན་པ། ཁྲོམ་རར་ཁ་ཕྱོགས་པ། དམངས་ཕྱུག་བརྗོད་དོན་གཙོ་བོར་བྱེད་པ། ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕར་གཞི་བསྒྱུར་བའི་བླང་བྱ་བཅས་ལ་གཞིགས་ནས་རྫོང་དེའི་ཁྲོམ་རའི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་སློབ་གྲྭ་དེའི་ནང་འཚེམ་བཟོ་དང་། ཚོན་རྩི། ཤིང་བཟོ། ཞིང་འཕྲུལ་ཉམས་གསོ། རུམ་འཐག་སོགས་ཀྱི་ཆེད་ལས་བཙུགས་ཡོད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།